སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་གིས་གྲོང་གསེབ་ཀྱི་བྱིས་པའི་དཔེ་ཀློག་ཉིན་མོའི་བྱེད་སྒོ་སྤེལ་བ།
“ང་ནི་དར་དམར་འོག་འཚར་ལོངས་བྱུང་བ་དང་། འཚོ་བར་བདེ་སྐྱིད་ལྡན་ཞིང་། དམག་འཁྲུག་གི་ཟིང་ཆ་མེད་ལ། ལྟོ་གོས་ཀྱི་སེམས་ཁྲལ་ཡང་མེད” ཉེ་ཆར། སྣ་དཀར་རྩེ་རྫོང་མདོ་ཆོས་ཤང་ཆ་ཚང་སློབ་ཆུང་གི་སློབ་མ་ཚོའི《དར་ཞིང་རྒྱས་པའི་ཀྲུང་གོ》ཞེས་པའི་གྱེར་འདོན་ཁྲོད“ངའི་དཔེ་ཁང་། ངའི་ཕུགས་འདུན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་ཀྱི་བྱིས་པའི་དཔེ་ཀློག་ཉིན་མོའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
བྱེད་སྒོ་སྤེལ་རིང་། ལས་དོན་མི་སྣས་སློབ་མ་ཚོའི་སྣེ་འཁྲིད་དེ་ཞིང་པའི་དཔེ་དེབ་ཁང་དུ་བསྐྱོད་ནས་ཁོང་ཚོར་གྲོང་གསེབ་ཀྱི་བྱིས་པའི་དཔེ་ཀློག་ཉིན་མོའི་འབྱུང་ཁུངས་དང་དོན་སྙིང་ངོ་སྤྲོད་བྱས་པ་མ་ཟད། སློབ་མ་ཚོས་དགའ་པོ་བྱེད་པའི་དཔེ་དེབ་བདམས་ནས་ཀློག་རོགས་བྱས་པ་དང་འབྲེལ། གྱེར་འདོན་གྱི་བརྒྱུད་རིམ་ཁྲོད་ཕན་ཚུན་གྱི་མྱོང་ཚོར་གླེང་བ་རེད།
སློབ་མ་ཚོའི་ཕུལ་བྱུང་གི་གྱེར་འདོན་ལ་དེ་གར་ཡོད་པའི་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་ལ། དཔེ་དེབ་ཀྱི་དྲི་བསུང་ཁྲོད་དུ་དཔེ་ཀློག་གི་སྤྲོ་སྣང་ལ་མཉམ་རོལ་བྱས་པ་རེད།
མདོ་ཆོས་ཤང་གི་འབྲེལ་ཡོད་འགན་འཁུར་བས། ཐེངས་འདིའི་བྱེད་སྒོ་བརྒྱུད་སློབ་མ་ཚོའི་དཔེ་ཀློག་གི་སྤྲོ་སྣང་འཕེལ་ནས་དཔེ་ཀློག་གི་རྣམ་པ་བཟང་པོ་ཞིག་བཏོད་ཐུབ་སོང་། གོམ་སྟབས་རྗེས་མར་ཞིང་པའི་དཔེ་དེབ་ཁང་གཙོ་བོར་བྱས་ཏེ། བརྗོད་དོན་མི་འདྲ་བ་དང་རྣམ་པ་སྣ་ཚོགས་ཀྱི་དཔེ་ཀློག་བྱེད་སྒོ་མང་ཙམ་སྤེལ་ནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་སྟེ། མང་ཚོགས་ཀྱི་བསམ་པའི་དཔལ་ཡོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། འབད་འབུངས་ཡར་བརྩོན་གྱི་གོམས་སྲོལ་འཇགས་པར་བྱས་ནས། ཞིང་པའི་དཔེ་དེབ་ཁང་དེ་གྲོང་གསེབ་དར་རྒྱས་གཏོང་བའི“སྣུམ་སྣོན་ས་ཚིགས”ཤིག་ཏུ་འགྱུར་བར་བྱེད་ཀྱི་ཡིན་ཞེས་བཤད།