དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆུ་ཤུར་རྫོང་དཔལ་གླིང་གྲོང་ཚོའི་ཏང་ཨུད་ཀྱིས་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-09

    གསང་ཉུལ་ལ་ངོ་རྒོལ་བྱེད་པའི་མང་ཚོགས་ཀྱི་འདུ་ཤེས་དང་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་མི་དམངས་ཀྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་པོ་སྐྲུན་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚ་རགས་ཤང་དཔལ་གླིང་གྲོང་ཚོའི་ཏང་ཨུད་ཀྱིས《གསང་ཉུལ་ལ་ངོ་རྒོལ་བྱེད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་དཔལ་གླིང་གྲོང་ཚོའི་སྒྲོག་འགྲེལ་པས“ཚོགས་ཆུང་དང་དུད་ཚང་དུ་སྐྱོད་པ”དང“ངོ་ཐུག་གདོང་འཕྲད”ཀྱི་བྱེད་སྟངས་སྤྱད་ནས་གྲོང་ཚོ་དེ་གའི་མང་ཚོགས་ལ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ཁྱབ་གདལ་བཏང་ནས། ཡུལ་མི་ཚོས་རང་རྟོགས་ངང་རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་རྒྱལ་ཁབ་ཀྱི་གསང་བ་སྲུང་རྒྱུར་དོ་སྣང་བྱེད་པ། ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་གཏན་འགོག་བྱེད་པ་བཅས་ལ་ཁྲིད་སྟོན་བྱས་པ་མ་ཟད། ཡུལ་མི་ཚོས་ཀྱང་ཉེ་འཁོར་གྱི་ནང་མི་སྤུན་མཆེད་ལ་བཅའ་ཁྲིམས་དྲིལ་བསྒྲགས་ཀྱིས“གནད་ཀྱིས་རྒྱུད་འཁྲིད་པ”དང“རྒྱུད་ཀྱིས་གནད་འཁྲིད”དེ་མང་ཚོགས་རྒྱལ་ཁབ་བདེ་འཇགས་ཀྱི་ལས་དོན་ནང་ཞུགས་སེམས་ཆེ་རུ་ནུས་ལྡན་བཏང་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འགན་ལེན་དང་མི་དམངས་ཀྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བའི་རྣམ་པ་བཟང་པོ་གཏོད་རྒྱུར་ལྕག་སྐུལ་ཡང་བྱས་པ་རེད། འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། སླད་ཕྱིན་དཔལ་གླིང་གྲོང་ཚོས་དྲིལ་བསྒྲགས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་རྒྱལ་ཁབ་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མཉམ་སྐྲུན་མཉམ་སྤྱོད་ཀྱི་དཔལ་གླིང་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།