དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་ལོ་ལྔའི་རིང་མཐའ་མཚམས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི་2500ལྷག་ཙམ་དང་རླངས་འཁོར་ཁྲི་1000ལྷག་ཙམ་ལ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-09

    ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཤིང་། བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་ཀྲེན་ཀྲང་ཝང་ཧྲེ་ཧུང་གིས་སྤྱི་ཁྱབ་ས་ཚིགས་ཀྱི“དུས་བསྟུན་མདུན་སྐྱོད་མཐའ་མཚམས་སྲུང་སྐྱོང་བྱེད། གངས་ལྗོངས་སུ་བྱས་རྗེས་འཇོག་པའི་ལེའུ་གསར་གཏོད”ཅེས་པའི་ཁོངས་སྒྱུར་སྒྱུར་བཅོས་བྱས་ནས་ལོ་ལྔ་སོང་རིང་གི་ལས་ཕན་འབྲས་ངོ་སྤྲོད་བྱས་པ་རེད།

    ལོ་ལྔའི་རིང་། བོད་ལྗོངས་མཐའ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི“ཁུལ་གསུམ་དང་མཐོ་ས་གཅིག”འཛུགས་སྐྲུན་སོགས་བཀོད་སྒྲིག་གལ་ཆེན་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་དང་། དཔལ་འབྱོར་འཛུགས་སྐྲུན་ལ་ཞབས་འདེགས། མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་ལ་སྐུལ་འདེད་སོགས་གཙོ་གནད་ཀྱི་ལས་དོན་ལ་དམིགས་པ། ལས་དོན་ཁག་ཡག་པོ་དང་། ཏན་ཏིག མགྱོགས་མྱུར་བཅས་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། བོད་ཀྱི་གནས་སྤོས་ཡུལ་མི་དོ་དམ་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་རེད།

    ལོ་ལྔའི་རིང་། བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་འགག་སྒོ་མཐའ་མཚམས་བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོར་འཇོག་པ་མཐའ་འཁྱོངས་ཀྱིས། དུས་བབ་ཀྱི་འགྱུར་ལྡོག་ལ་ཁ་གཏད་ཧུར་ཐག་གཅོག་པའི་ཁྲོད་གོ་སྐབས་བསྐྲུན་པ་དང་རྣམ་པ་གསར་པ་བཏོད་དེ་མེས་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ཡོད། ལོ་ལྔའི་རིང་། མཐའ་མཚམས་དོ་དམ་ཁུལ་ནས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་2500དང་རླངས་འཁོར་ཁྲི་1000ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། དཀའ་ངལ་འཕྲད་པའི་ཡུལ་སྐོར་བ་དང་མང་ཚོགས་མི་ཐེངས་3000ལྷག་ཙམ་ལ་རོགས་སྐྱོབ་ཧུར་ཐག་བྱས་པ། གཞི་རིམ་བཅོས་སྐྱོང་གི་གནད་དོན་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁག་2200ལྷག་ཙམ་ཐོ་ཁོངས་ནས་བསུབ་པ། ཁྲིམས་འགལ་ངང་མཐའ་མཚམས་ནས་འཛུལ་སྒྲོལ་དང་ལྐོག་འདྲེན་སོགས་ཁྲིམས་འགལ་ཉེས་གསོག་གི་གྱོད་གཞི་ཁྱོན་500ལྷག་ཙམ་རྩད་ཆོད་པ་དང་། ཁྲིམས་འགལ་ངང་མཐའ་མཚམས་ནས་འཛུལ་མཁན་800ལྷག་ཙམ་བཀག་ནས་ཕྱིར་ལོག་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ། འཇིགས་སྐུལ་དང་། འབར་གས། ཉེན་ཁ་བཅས་དང་འབྲེལ་བ་ཡོད་པའི་དངོས་རྫས་འབོར་ཆེན་རྩད་ཆོད་ནས་གཞུང་བཞེས་བྱས་པ། གསེར་དང་། སེང་ལྡེང་དམར་པོ། རྩ་ཆེའི་སྨན་རྫས་སོགས་ལྐོག་འདྲེན་དངོས་རྫས་འབོར་ཆེན་རྩད་ཆོད་པ་བཅས་གྲུབ་འབྲས་དངོས་ལ་བརྟེན་ནས་དུས་རབས་གསར་པའི་གནས་སྤོས་ཡུལ་མིའི་ཉེན་རྟོག་པའི་འགན་འཁྲི་དང་ལས་འགན་བསྒྲུབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།