དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དངོས་འཐབ་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་ནས་དགུན་དུས་དམག་སྦྱོང་གི་ཚ་རླབས་འཕྱུར་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-09

    ཉིན་ཤས་བསྟུད་མར་མངའ་རིས་ཉིང་ལག་རུ་ཁག་གིས་ལས་སྒོའི་རྨང་གཞི་བརྟན་དུ་གཏོང་བ་དང་། འཇོན་ནུས་དང་བྱང་ཚད་མཐོ་རུ་གཏོང་བ། དངོས་འཐབ་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་བཅས་གཙོ་གནད་དུ་བཟུང་ནས་དངོས་འཐབ་ཀྱི་དགོས་མཁོ་དང་བསྟུན་པ་མཐའ་འཁྱོངས་ཀྱིས་ལས་ཀའི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་དང་དགུན་དུས་ཀྱི་སྦྱོང་བརྡར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས་དགུན་དུས་དམག་སྦྱོང་གི་ཚ་རླབས་ཤིག་ཁྱོན་ཡོངས་ནས་འཕྱུར་བ་རེད།

    མངའ་རིས་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་ཏང་ཨུད་ཀྱིས་འཕྲལ་དུ་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་དང་དགུན་དུས་སྦྱོང་བརྡར་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། རིམ་པ་དེ་གའི་དགུན་དུས་སྦྱོང་བརྡར་གྱི་ཇུས་གཞི་ཚན་རིག་དང་མཐུན་པའི་ངང་ཞིབ་ཚགས་སུ་བཏང་བ་མ་ཟད། ལས་ཁུངས་ཀྱིས་སྔོན་ལ་ལག་བསྟར་བྱེད་པ་མཐའ་འཁྱོངས་ཀྱིས་དགུན་དུས་ཀྱི་དམག་སྦྱོང་ལས་དོན་ཀྱི་དོན་དངོས་དང་བསྟུན་ནས་གཟའ་འཁོར་རེར་རྩལ་ནུས་སྦྱོང་བརྡར་ཉིན་གཉིས་བྱེད་པ་དང་། ཉིང་ལག་རུ་ཁག་གི་འགོ་ཁྲིད་གཉིས་པོས་ཉམས་ལེན་འབད་སྒྲུབ་དང་དམིགས་བསལ་མི་བྱེད་པ་དང་། སྦྱོང་བརྡར་གྱི་ནང་དོན་དོན་འཁྱོལ་ནན་ཏན་བྱེད་པ། སྣེ་ཁྲིད་ནས་སྦྱོང་བརྡར་མཐའ་འཁྱོངས་བཅས་བྱས་ཏེ་ལས་ཁུངས་ཀྱི་ལས་བྱེད་པ་དང་། མེ་ཟོན་རུ་མི། ཡིག་མཁན་བཅས་ཚང་མ་ཧུར་ཐག་ཞུགས་ནས། རྩལ་ནུས་སྦྱོང་བརྡར་དང་སྤྱོད་ཚུལ་ལེགས་སུ་བཏང་སྟེ་གཞི་རིམ་ལ་མིག་དཔེ་ཡག་པོ་བསྟན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།