དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • ཉང་ཆུ་གཙང་འགྲམ་ནས་མདོ་ལ་རིང་མོའི་ལ་གཤམ་བར།

    བྲག་ཡིབ་ཆུས་ཞིབ་དཔྱོད་ཁང་གིས་ཞིང་ཆེན་བརྒལ་བའི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་གཅིག་བདེ་བླག་ངང་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-09

    ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཞིབ་དཔྱོད་ཁང་གིས་ཀན་སུའུ་ཀྲང་ཡེ་གྲོང་ཁྱེར་མིང་ལེ་རྫོང་ཞིབ་དཔྱོད་ཁང་གི་གཞོགས་འདེགས་འོག ཞིང་ཆེན་ལས་བརྒལ་བའི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་གཅིག་བདེ་བླག་ངང་བསྒྲུབས་ཏེ། ཡུལ་གཞན་དུ་ཁྲིམས་འཛིན་རོགས་སྐྱོབ་ཀྱི་ཆ་འཕྲིན་མཉམ་སྤྱོད་དང་ཕྱོགས་བསྡུས་རོགས་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།

    གློ་བུར་དུ་འགྲིམ་འགྲུལ་ལས་འཛོལ་ཞིག་ཐོན་ནས་ཀན་སུའུ་རུ་ཡོད་པའི་ཝང་ལི(མིང་ཚབ)ཡི་ཁྱིམ་ལ་དཀའ་ངལ་ཆེན་པོ་འཕྲད། ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཡིན་པའི་ཝང་ལི་ཡི་བཟའ་ཟླ་ཉིང་ཁྲིར་འགྲིམ་འགྲུལ་ལས་འཛོལ་ཐོན་ནས་རྐྱེན་ལམ་དུ་ཤོར་ཞིང་། སྐབས་དེར་ཁྱིམ་དུ་ཕྲུ་གུ་གཉིས་ཡོད་པ་ལས་གཅིག་ན་སོ་དར་ལ་མ་བབས་པའི་ཁར་གཞན་དེའང་དམར་འབྱར་ཡིན་པ་རེད། ཕྲུ་གུར་ལྟ་རྟོག་བྱེད་དགོས་པའི་དབང་གིས་ཝང་ལི་ཕྱིར་གླ་པ་རྒྱུག་པར་འགྲོ་མི་ཐུབ་སྟབས་ཁྱིམ་གྱི་ཡོང་འབབ་ཀྱི་ཡོང་ཁུངས་ཆད་པ་དང་ཆབས་ཅིག འགྲིམ་འགྲུལ་ལས་འཛོལ་འདིའི་ཁྲིམས་ཆད་གཏོང་ཡུལ་གྱིས་སྐྱིན་ཚབ་སྤྲོད་དངུལ་ཁག་གཅིག་སྤྲད་རྗེས་འབྲེལ་བ་ཆད་ནས་ཁྲིམས་ཁང་གི་དཔྱད་ཁྲ་ལག་ལེན་བསྟར་ཐབས་བྲལ་བས། ཝང་ལིས་བྲག་ཡིབ་ཆུས་ཞིབ་དཔྱོད་ཁང་ལ་དམངས་དོན་ལག་བསྟར་བྱ་ཚུལ་ལ་ལྟ་སྐུལ་བྱ་རྒྱུའི་རེ་འདུན་ཞུ་དགོས་བྱུང་བ་རེད།

    2023ལོའི་ཟླ་11ཚེས་8ཉིན་བྲག་ཡིབ་ཆུས་ཞིབ་དཔྱོད་སྡེ་ཚན་གཉིས་པས་ཞིབ་དཔྱོད་ཁང་དེའི་ཞིབ་དཔྱོད་སྡེ་ཚན་བཞི་པར་ལྟ་སྐུལ་བྱ་རྒྱུའི་རེ་འདུན་ཞུ་སྐབས། འགན་བབ་དབང་ཆ་ལྟར་ཤེས་རྟོགས་བྱུང་བའི་ཁྲིམས་འཛིན་རོགས་སྐྱོབ་ཁུངས་སྣེ་རྩིས་སྤྲད་པ་རེད། ཞིབ་དཔྱོད་སྡེ་ཚན་བཞི་པས་ཞིབ་དཔྱད་བྱས་པ་བརྒྱུད། གྱོད་གཞི་དེ་གའི་རེ་འདུན་ཞུ་མཁན་ལ་ཁྲིམས་འཛིན་རོགས་སྐྱོབ་ཀྱི་ཆ་རྐྱེན་ཚང་ཡོད། ཀན་སུའུ་ལ་ཡོད་པའི་རེ་འདུན་ཞུ་མཁན་གྱི་དོན་དངོས་གནས་ཚུལ་ལ་བསམ་གཞིག་བྱས་ཏེ། རེ་འདུན་ཞུ་མཁན་ལ་རོགས་སྐྱོབ་ཡག་པོ་བྱས་ནས་ཁོ་མོར་འཕྲད་པའི་དཀའ་ངལ་སེལ་རོགས་བྱ་ཆེད། བྲག་ཡིབ་ཆུས་ཞིབ་དཔྱོད་ཁང་གིས་འགན་ནུས་བཏོན་ཏེ་ཞིབ་དཔྱོད་སྡེ་ཚན་གཉིས་པ་དང་བཞི་པའི་ཞིབ་དཔྱོད་དཔོན་གཉིས་ཀན་སུའུ་རུ་གྱོད་དོན་ཞིབ་དཔྱོད་བྱེད་པར་ཆེད་དུ་མངགས་ཤིང་། ཝང་ལི་ཡི་ཁྱིམ་ཚང་གི་གནས་ཚུལ་དང་མིག་སྔའི་འཚོ་བའི་གནས་ཚུལ་ལ་བརྟག་དཔྱད་རྒྱུས་ལོན་བྱས་པ་དང་འབྲེལ། རྗེས་སུ་སྤེལ་རྒྱུའི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་ལ་དམིགས་ནས་ཞིབ་དཔྱོད་ཡོངས་གྲགས་དཔང་ཉན་ཚོགས་འདུ་ཡང་འཚོགས་པ་རེད།

    ཞིབ་དཔྱོད་བྱས་པ་ལས་ཤེས་པའི་རེ་འདུན་ཞུ་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ལ་དམིགས་ནས། བྲག་ཡིབ་ཆུས་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་རོགས་སྐྱོབ་ལས་རིམ་སྤེལ་འགོ་བཙུགས་ཤིང་། དུས་ཡུན་ཐུང་ཤོས་ནང་ཝང་ལིར་ཁྲིམས་འཛིན་རོགས་སྐྱོབ་དངུལ་སྒོར་ཁྲི་5སྤྲད་དེ། ཁོ་མོའི་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་སེལ་རོགས་བྱས་པ་རེད། ཞིབ་དཔྱོད་ལས་ཁུངས་ཀྱིས་བྱ་སྤྱོད་དེ་འདྲར་བརྟེན་ནས་མང་ཚོགས་ལ་ལས་དོན་དངོས་སྒྲུབ་རོགས་དང་དམངས་ལ་སེམས་ཁྲལ་སེལ་རོགས་བྱས་པ་མ་ཟད། ཁྲིམས་འཛིན་རོགས་སྐྱོབ་དེ་ཉིད་དྲང་སྙོམས་དང་དྲང་གཞག་ཡོང་བར་འགན་ལེན་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།