དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • མེ་འཁྱགས་ཁྲོད་ནས་ལྷག་བསམ་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-01-09

    འདི་ནི་མེ་གསོད་མི་སྣས་བྱིས་པར་མེ་ཟོན་སྒྲིག་ཆས་སྤྱོད་སྟངས་སློབ་བཞིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་གསོད་མི་སྣ་སྒྲིག་འཛུགས་བྱས་ཏེ་སྣ་དཀར་རྩེ་རྫོང་དུ་འཁྱགས་ངོས་ཀྱི་རོགས་སྐྱོབ་རྩལ་ནུས་ནང་སྦྱོང་བྱེད་བཞིན་པ།

    ཉིན་ཤས་གོང་། གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་མེ་ཟོན་རོགས་སྐྱོབ་བྱ་གཞག་ལམ་ལུགས་སྒྱུར་བཅོས་བྱས་ནས་ལོ་ལྔ་འཁོར་བའི་གྲུབ་འབྲས་ཡོངས་བསྒྲགས་ཚོགས་འདུ་ལས་ཤེས་རྟོགས་བྱས་པར། བྱ་གཞག་ལམ་ལུགས་སྒྱུར་བཅོས་བྱས་ནས་ལོ་5སོང་རིང་ལྷོ་ཁ་གྲོང་ཁྱེར་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་བསླབ་འདོམས་བློ་ལ་བརྟན་པོར་ངེས་པ་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་གཞི་རིམ་གྱི་མེ་ཟོན་བདེ་འཇགས་བཅོས་སྐྱོང་དང་གཞུང་ཁོངས་ཁེ་ལས་ཀྱི་མེ་ཟོན་ཚད་གཞི་ཅན་འཛུགས་སྐྱོང་སོགས་ལས་དོན་ཁག་10ལྷག་ཙམ་སྤེལ་རིང་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་གལ་ཆེན་ཕུལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།