དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས།

    ​སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-02

    འདི་ནི་གྱོད་གཞི་ཐག་གཅོད་བྱེད་མཁན་གྱིས་ལ་ཀླུང་བརྒལ་ནས་གྱོད་གཞི་ཐོན་ཡུལ་དུ་སྐྱོད་བཞིན་པ།

     ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས་སྟོངས་ལ་ཉེ་བའི་་རྩ་ཆེའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་རྩད་ཆོད་དེ་ཉེས་གསོག་དོགས་ཅན་གཉིས་བཟུང་བ་རེད།

    2023ལོའི་ཟླ་12ཚེས་9ཉིན་གྱི་ཆུ་ཚོད་23དང་སྐར་མ་24ཡི་ཐོག་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་རུ་ཆེན་ལ་བཀོད་འདོམས་ལྟེ་གནས་ཀྱི་ཁ་པར་འབྱོར་ནས་གཏིང་སྐྱེས་རྫོང་ཀོ་ལྕག་ཤང་ཁང་ཁུང་གྲོང་ཚོའི་ཕྱུགས་འཚོ་བས་མཐོང་བའི་རྐང་རྗེས་ཤིག་ལ་དོགས་པ་སྐྱེས་ཏེ་རྗེས་འདེད་བྱས་རྗེས་ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་རྔོན་རྒྱག་པའི་དོགས་ཡོད་མི་གཉིས་མཐོང་བ་དང་ད་ཆ་ཀོ་ལྕག་ཤང་མཐའ་མཚམས་མངགས་གཏོང་ཁང་གིས་ཁང་ཁུང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་དུ་ཁྲིད་འདུག་པས་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་པ་བཏང་ནས་བརྟག་ཞིབ་བྱེད་རོགས་ཞེས་བཤད།

    ཉེན་དོན་འབྱོར་རྗེས་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་ནས་བརྟག་དཔྱད་བྱས་པ་དང་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས་ཀོ་ལྕག་ཤང་མངགས་གཏོང་ཁང་གི་གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་དང་དེ་བཞིན་ཡུལ་དེའི་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་དོན་པ་དང་མཉམ་དུ་ཁང་ཁུང་གྲོང་ཚོར་བརྟག་དཔྱད་དཔང་ལེན་ལས་དོན་སྤེལ་བར་བསྐྱོད།

    གྱོད་གཞི་ཐོན་ཡུལ་ལུང་ཁུག་རི་ཁུལ་དུ་ཡིན་སྟབས་ལམ་བུ་དོག་ལ་འཁོར་རིགས་གཏོང་ཐབས་བྲལ་བས་ཁོང་ཚོས་རྐང་ཐང་མར་ཉིན་གཉིས་རི་ལམ་བརྒྱུད་ལ་བརྒལ་ཀླུང་བརྒྱབ་བྱས་མཐར་གྱོད་གཞི་ཐོན་ཡུལ་དུ་འབྱོར།

    ས་གནས་ས་ཐོག་ཏུ་རྩད་ཞིབ་བྱས་པ་བརྒྱུད་མི་དམངས་ཉེན་རྟོག་པར་ཀོ་ལྕག་ཤང་ཁང་ཁུང་གྲོང་ཚོའི་ཕྱུགས་འཚོ་ས་ནས་རི་སྐྱེས་སྲོག་ཆགས་བཟུང་བའི་དོང་རྙི་23མཐོང་བ་དང་རི་སྐྱེས་སྲོག་ཆགས་ཧི་མ་ལ་ཡའི་གླ་བའི་དོགས་པ་ཡོད་པའི(རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས)པགས་པ་གཅིག་དང་གླ་བའི་རོ་གཅིག་དང་། གནའ་བ(རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས)ཡི་སུག་མཐིལ་འདྲ་བ་གསུམ་རྙེད་པ་དང་ལྕགས་སྐུད་སྒོར་སྒོར་23ལག་ཏུ་ཐེབས་པ་རེད།

    གློ་བུར་གྱི་འདྲི་གཅོད་བྱས་པ་བརྒྱུད་ཉེས་གསོག་དོགས་ཅན་བློ་ཆེ་གེ་མོས་པ་ཆེ་གེ་མོ་དང་མཉམ་དུ་ནག་ཉེས་བསགས་པའི་སྐོར་ཇི་མ་ཇི་བཞིན་ངོས་ལེན་ཞུས། སྟོངས་ལ་ཉེ་བའི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་བཟོ་བའི་ནག་ཉེས་བསགས་པའི་དོགས་པ་ཡོད་པར་བརྟེན་མིག་སྔར་གཏིང་སྐྱེས་རྫོང་སྤྱི་བདེ་ཅུས་ཀྱིས་ཉེས་གསོག་དོགས་ཅན་གཉིས་ཁྲིམས་ལྟར་ཉེས་དོན་བཀག་ཉར་བྱས་ནས་གྱོད་གཞི་མུ་མཐུད་ཞིབ་གཅོད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།