དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-02

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྒྲིག་ཆེ་མོའི་བྱ་སྤྱོད་ཀྱི“ཕྱིར་མིག་ལྟ་བའི”ལས་དོན་སྤེལ་ཞིང་།“3+3”གྱི་ཞིབ་བཤེར་བྱེད་ཐབས་སྤྱད་དེ་ཞིབ་བཤེར་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་གནད་དོན་གྱི་འབྱུང་རྐྱེན་གསེད་བཀྲོལ་བྱེད་པ། གསེད་བཀྲོལ་ལ་བརྟེན་ནས་དག་ཐེར་ལ་སྐུལ་འདེད་གཏོང་བ་དང་གནད་དོན་གྱི་བརྒྱུད་རིམ་ལ་སྟངས་འཛིན་ཡང་དག་བྱེད་པ། བཅོས་སྐྱོང་ལ་བརྟེན་ནས་རྒྱུན་གཏན་ལ་སྐུལ་འདེད་གཏོང་བ་དང་ཕུགས་ཕན་ལམ་སྲོལ་འཛུགས་པ་བཅས་བྱས་ནས་ལས་ཀའི་མགོ་མཇུག་མཐུད་ཐུབ་པར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྒྲིག་ཆེ་མོའི་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་བཏང་བ་རེད།

    ཞིབ་བཤེར་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གནད་དོན་ཤེས་རྟོགས་ཐུབ་ཚེ་སྐྱོན་མཚང་བརྟོལ་ཕོད་པ་བྱས་པ། ཞིབ་བཤེར་ཚོགས་ཆུང་གིས་མངོན་ལྐོག་ཟུང་འབྲེལ་བྱ་ཐབས་སྤྱད་དེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས《སྣོལ་མའི་ཞིབ་བཤེར་གསལ་ཐོ》གསེད་བཀྲོལ་བྱས་ནས། གཙོ་གནད་ཐོག་གྲོང་ཁྱེར་གྱི་འཛུགས་སྐྲུན་སྒྲིག་བཀོད་དང་གྲོང་ཁྱེར་གྱི་རྣམ་པ་དང་སྤུས་ཚད་མཐོར་གཏོང་གི་སྒྱུར་བཀོད་ལ་ཞིབ་བཤེར་བྱས་པ་རེད།

    གསེད་བཀྲོལ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གནད་དོན་ཐག་གཅོད་བྱེད་སྐབས་གོང་འོག་མཐུན་སྦྱོར་མཁས་པོ་བྱས་པ། ཞིབ་བཤེར་ཐུབ་པའི་གནད་དོན་ལ་དམིགས་ནས《གནད་དོན་དག་ཐེར་གྱི་གསལ་ཐོ》བཟོས་པ་དང་གནད་དོན་གྱི་འགག་རྩའི་རྒྱུ་རྐྱེན་དང་ཤུགས་རྐྱེན་བཙལ་ཏེ། ཚུར་ལན་གནད་དོན་གྱི་ཛ་དྲག་དང་ཉེན་ཁ་ཆེ་ཆུང་ལ་གཞིགས་ནས་རིམ་པ་དབྱེ་བ་དང་གཙོ་གནད་ཐོག་དོ་ཁུར་བྱེད་པ། འགན་འཁྲིའི་ཆེད་ཚན་ཁ་གསལ་བཟོ་བ། གནད་དོན་གྱི་གསལ་ཐོ་ཁག་བགོས་བརྒྱུད་སྤྲོད་བཅས་བྱས་ནས་དུས་བཀག་ལྟར་དག་ཐེར་བྱེད་དུ་བཅུག་པ་རེད།

    བཅོས་སྐྱོང་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་གནད་དོན་ཐག་གཅོད་བྱེད་སྐབས་ཕུགས་ཕན་ཕན་འབྲས་ཐོན་པར་བྱས་པ། ཚུར་ལན་གནད་དོན་ལ་དམིགས་ནས་གསལ་ཐོ་ལྟར་རྩིས་བླངས་པ་དང《ལྟ་སྐུལ་ཞིབ་བཤེར་དང་སྒྲུབ་སྐུལ་གསལ་ཐོ》བཟོས་ནས་བཅོས་སྒྲིག་གི་ལས་འགན་བཀོད་སྒྲིག་དང་། བཅོས་སྒྲིག་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ་གཏན་འབེབས། “མིང་ཐོ་ནག་པོ”དོན་འཁྱོལ་བཅས་བྱས་ཏེ། ས་གནས་ས་ཐོག་ཏུ་འཕྲལ་སྒྲུབ་འཕྲལ་བཅོས་གནད་དོན་56བཏོན་ནས་བཅོས་སྐྱོང་གི་ཕན་འབྲས་བརྒྱུད་རིམ་ཧྲིལ་པོར་དངོས་སུ་ཁྱབ་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།