དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བྲག་གཡབ་སྤྱི་བདེ་ཅུས་ཀྱིས་ཉེས་གསོག་དོགས་ཅན་4བཟུང་ནས་མ་དངུལ་སྒོར་ཁྲི་10ལྷག་ཙམ་འདེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-02

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་རྡུང་རྡེག་ཚ་ནན་གཏོང་ཆེད། ཉེ་ཆར། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས“དུས་བདེ་སྲུང་སྐྱོང་དང་དགུན་དུས་སྐོར་གཡེང་བྱེད”ཅེས་པའི་ཆེད་དོན་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ནས་འདི་ལོ་ཁོངས་གཏོགས་ཁུལ་དུ་ཐོན་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞིར་དབྱེ་ཞིབ་དང་ཞིབ་འཇུག་ཐག་གཅོད་བྱས་ཏེ། རང་འགུལ་ངང་ཕར་རྒོལ་བྱས་ནས་གྱོད་འབྲེལ་ཉེས་གསོག་དོགས་ཅན་4བཟུང་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་10ལྷག་ཙམ་འདེད་པ་རེད།

    “12·2”གཅེར་མོལ་རིགས་ཀྱི་ཁ་བསླུས་གྱོད་གཞི། 2023ལོའི་ཟླ་12ཚེས་2ཉིན། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ལས་མི་ཞུང་ཆེ་གེ་མོས་དྲ་ཐོག་ནས་མི་གཞན་དང་གཅེར་མོལ་བྱེད་སྐབས། དངུལ་སྒོར་ཁྲི་8ལྷག་ཙམ་ཁ་བསླུས་ཤོར་སོང་བས་ད་ལྟ་ཉེན་རྟོག་པ་མངགས་ནས་བརྟག་དཔྱད་བྱེད་རོགས་ཞེས་བཤད། མི་དམངས་ཉེན་རྟོག་པས་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་བརྒྱུད། གྱོད་གཞི་དེ་དང་འབྲེལ་བའི་མི་སྣ་ཀྲོའུ་ཆེ་གེ་མོ་དང་ཀུའུ་ཆེ་གེ་མོ་གཉིས་ཀྱིས་ཧུའུ་པེ་ཞིང་ཆེན་ཨེ་ཀྲོའུ་གྲོང་ཁྱེར་ཨེ་གྲོང་ཁུལ་དང་། ཅི་ལིན་ཞིང་ཆེན་ལེའོ་ཡོན་གྲོང་ཁྱེར་བཅས་སུ་ཁག་སོ་སོར་བྱ་སྤྱོད་སྤེལ་བ་ཤེས་རྗེས་ཆེད་དོན་གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་ས་ཆ་གཉིས་སུ་བརྟག་དཔྱད་བྱེད་པར་བསྐྱོད་པ་རེད། དེ་ནས་2023ལོའི་ཟླ་12ཚེས་11ཉིན་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་འོག་ཧུའུ་པེ་ཞིང་ཆེན་ཨེ་ཀྲོའུ་གྲོང་ཁྱེར་ཨེ་གྲོང་ཁུལ་ནས་ཀྲོའུ་ཆེ་གེ་མོ་བདེ་བླག་ངང་བཟུང་ཐུབ་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་1ཙམ་འདེད་ཐུབ་པ་རེད། ཅི་ལིན་ཞིང་ཆེན་ལེའོ་ཡོན་གྲོང་ཁྱེར་དུ་ཀུའུ་ཆེ་གེ་མོ་བདེ་བླག་ངང་བཟུང་ཐུབ་པ་དང་གྱོད་འབྲེལ་དངུལ་སྒོར་5000ལྷག་ཙམ་འདེད་ཐུབ་ཅིང་། མི་དེ་གཉིས་ལ་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།

    “5·26”གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི། 2023ལོའི་ཟླ་5ཚེས་26ཉིན། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཁོངས་གཏོགས་ཁུལ་གྱི་ལས་མི་དབྱང་ཆེ་གེ་མོས་དྲ་ཐོག་ནས་དངུལ་བུན་གཡར་སྐབས་སྒོར་ཁྲི་5ཁ་བསླུས་ཤོར་སོང་ཞེས་བཤད། མི་དམངས་ཉེན་རྟོག་པས་འདྲི་རྩད་དང་དབྱེ་ཞིབ་བྱས་པ་བརྒྱུད། གྱོད་གཞི་དེ་དང་འབྲེལ་བའི་ཧོང་ཆེ་གེ་མོས་ཡུན་ནན་ཞིང་ཆེན་ཅིང་ཧུང་གྲོང་ཁྱེར་རྒྱུད་དུ་བྱ་སྤྱོད་སྤེལ་བ་ཤེས། ཆེད་སྒྲུབ་མི་དམངས་ཉེན་རྟོག་པས་འཕྲལ་མར་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག 2023ལོའི་ཟླ་11ཚེས་22ཉིན་ཉེས་གསོག་དོགས་ཉན་བདེ་བླག་ངང་བཟུང་པ་དང་འབྲེལ། གྱོད་འབྲེལ་མ་དངུལ་སྒོར་ཁྲི་5འདེད་པ་རེད། གྱོད་གཞི་དང་འབྲེལ་བའི་ཧོང་ཆེ་གེ་མོར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།

    “1·16”གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི། 2023ལོའི་ཟླ་1ཚེས་16ཉིན་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་བློ་ཆེ་གེ་མོས་སྒོར་ཁྲི་7ཁ་བསླུས་ཐེབས་སོང་བས་ཉེན་རྟོག་པ་མངགས་ནས་བརྟག་དཔྱད་བྱེད་རོགས་ཞེས་བཤད། ཆེད་སྒྲུབ་མི་དམངས་ཉེན་རྟོག་པས་གྱོད་གཞི་དང་འབྲེལ་བའི་རྩིས་ཁྲའི་མ་དངུལ་བསྒྱུར་སར་དབྱེ་ཞིབ་སྔར་བས་ཞིབ་ཕྲ་བྱས་རྗེས་གྱོད་འབྲེལ་མི་སྣ་ལིའུ་ཆེ་གེ་མོས་ཧུའུ་ནན་ཞིང་ཆེན་ཤང་ཐན་གྲོང་ཁྱེར་རྒྱུད་དུ་བྱ་སྤྱོད་སྤེལ་བ་གཏན་འཁེལ་བྱས་པ་དང་། ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག 2023ལོའི་ཟླ་12ཚེས་5ཉིན་ཉེས་གསོག་དོགས་ཅན་བདེ་བླག་ངང་བཟུང་པ་དང་གྱོད་འབྲེལ་དངུལ་སྒོར་ཁྲི་3ཙམ་འདེད་པ་རེད། གྱོད་གཞི་དང་འབྲེལ་བའི་མི་སྣ་ལིའུ་ཆེ་གེ་མོར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།