དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ནག་ཆུ་གྲོང་ཁྱེར་སོག་རྫོང་སྤྱི་བདེ་ཅུས་ནག་སེལ་གཞུང་ལས་ཁང་གིས་སྨད་འཚོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ཅིག་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-02

    འདི་ནི་ནག་ཆུ་གྲོང་ཁྱེར་སོག་རྫོང་སྤྱི་བདེ་ཅུས་ནག་སེལ་གཞུང་ལས་ཁང་གི་མི་དམངས་ཉེན་རྟོག་པས་གཟུགས་པོ་ཁྲུས་ཁང་དུ་ཞིབ་བཤེར་བྱེད་བཞིན་པ།

    ཉེ་ཆར། ནག་ཆུ་གྲོང་ཁྱེར་སོག་རྫོང་སྤྱི་བདེ་ཅུས་ནག་སེལ་གཞུང་ལས་ཁང་གིས“གློ་བུར་དུ་ཞིབ་བཤེར་བྱེད་པའི”བྱ་སྤྱོད་སྤེལ་ཏེ། གཟུགས་པོ་ཁྲུས་ཁང་ཞིག་ནས་གཟུགས་པོ་བཀྲུ་བ་དང་ཕུར་མཉེད་གཏོང་བར་ཁ་གཡར་ཏེ་སྨད་འཚོང་གི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་རྩད་ཆོད་དེ། ཁྲིམས་ལྟར་མི་2ཉེས་དོན་བཀག་ཉར་བྱས་པ་དང་མི་8ལ་སྲིད་འཛིན་ཆད་པ་བཅད་པས། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ཁོར་ཡུག་གཙང་སེལ་ནུས་ལྡན་ཐུབ་སྟེ། བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་སྤྱི་བདེས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ཡོད་པ་རེད། མིག་སྔར། གྱོད་གཞི་དེ་སྔར་བས་སྒྲུབ་བཞིན་ཡོད་པ་རེད།

    ཉེན་རྟོག་པས་དྲན་སྐུལ་བྱས་དོན། “སྨད་འཚོང་འཆལ་རྒྱུག”གི་བྱེད་སྤྱོད་ཀྱིས་མི་སྒེར་གྱི་ལུས་སེམས་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དང་ཁྱིམ་ཚང་འཆམ་མཐུན་ལ་གཏོར་བཤིག་གཏོང་བ་མ་ཟད། དེ་ནི་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ཀྱི་འབྱུང་རྩའི་གྲས་ཤིག་ཀྱང་ཡིན་པས། སྤྱི་ཚོགས་བདེ་འཇགས་དང་བརྟན་ལྷིང་ལ་ཤུགས་རྐྱེན་ཆེན་པོ་བཟོ་གི་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་ཐག་གཅོད་ཀྱིས་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་ཆབས་ཅིག རྒྱ་ཆེའི་མང་ཚོགས་ཀྱིས“འཆལ་རྒྱན་དུག་གསུམ”རང་རྟོགས་ངང་བཀག་འགོག་བྱས་ཏེ་དེར་མི་ཞུགས་པ་དང་། རྒྱ་ཡན་དུ་མི་གཏོང་བ། འགེབས་སྲུང་མི་བྱེད་པ་བཅས་བྱེད་དགོས།

    གོམ་སྟབས་རྗེས་མར། སོག་རྫོང་སྤྱི་བདེས་རྒྱུན་རྣམ་ཅན་གྱི་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་དང“འཆལ་རྡུང་ལོག་སེལ”གྱི་ཆེད་དོན་བྱ་སྤྱོད་སྤེལ་བར་མུ་མཐུད་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི་བསམ་འཆར་མང་བའི་ཁྲིམས་འགལ་ཉེས་གསོག་གི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་དང་། སྤྱི་ཚོགས་བདེ་འཇགས་ཁོར་ཡུག་ལེགས་བཅོས་ཧུར་ཐག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།