དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • བདེ་འཇགས་ཀྱི་རྩ་བ་བརྟན་དུ་བཏང་། མེ་ཟོན་གྱི་འགག་སྒོ་ནན་པོར་བསྲུངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-02

    འདི་ནི་མེ་ཟོན་བཀོད་འཐབ་པས་ཚན་པའི་ལས་མིར་མེ་གསོད་དངོས་འཐབ་ནང་སྦྱོང་བྱེད་བཞིན་པ།

    འདི་ནི་མེ་ཟོན་བཀོད་འཐབ་པ་ཁེ་ལས་སུ་བསྐྱོད་ནས་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་བྱེད་བཞིན་པ།

    འདི་ནི་མེ་ཟོན་བཀོད་འཐབ་པས་མཚན་མོ་སྤྱི་པའི་རོལ་རྩེད་ཁང་དུ་ཞིབ་བཤེར་བྱེད་བཞིན་པ།

    འདི་ནི་མེ་ཟོན་བཀོད་འཐབ་པ་དུད་ཚང་དུ་བསྐྱོད་དེ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པ།

    《དགུན་དཔྱིད་མེ་ཟོན་བདེ་འཇགས་འགོག་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་བརྡ་ཐོའི》དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མེ་ཟོན་བདེ་འཇགས་ཀྱི་ཉེན་ཁ་གལ་ཆེན་འགོག་ཟོན་དང་སེལ་བ་དང་། དགུན་དཔྱིད་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཕན་འབྲས་དངོས་ཐོབ་ཆེད། ཉེ་དུས་བོད་ཀྱི་རིམ་ཁག་མེ་ཟོན་རོགས་སྐྱོབ་རུ་ཁག་གིས་དགུན་དུས་གྲང་ལ་སྐམ་ཤས་ཆེ་བ་དང་། མེ་སྐྱོན་ཐོན་པའི་ཉེན་ཁ་མང་བ། མེ་སྐྱོན་གྱི་ཉེན་ཁའི་རང་བཞིན་ཆེ་བ་སོགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་གྱིས། ཕྱོགས་ཡོངས་ནས་མེ་ཟོན་བདེ་འཇགས་ཀྱི་ལྟ་སྐུལ་ཞིབ་བཤེར་དང་དྲིལ་བསྒྲགས་སློབ་གསོ་བརྒྱབ་ནས། མེ་སྐྱོན་བདེ་འཇགས་ཀྱི་ལས་འཛོལ་མི་ཐོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།