དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • ཁ་བ་བུ་ཡུག་ཁྲོད་ནས་འགན་འཁྲི་འཁུར་སེམས་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-02

    འདི་ནི་མེ་འཁོར་བབས་ཚུགས་ཀྱི་ལས་དོན་པས་འགྲུལ་པར་རྡོག་ཁྲེས་དབོར་རོགས་བྱེད་བཞིན་པ།

    འདི་ནི་མེ་འཁོར་བབས་ཚུགས་ཀྱི་ལས་དོན་པས་ཁ་བའི་ཁྲོད་མེ་འཁོར་ལ་སྡོད་མཁན་གྱི་རྒན་འཁོགས་ཤིག་སྒལ་པར་ཁུར་ནས་སྐྱེལ་བཞིན་པ།

    ཉེ་ཆར། ས་བབ་སྨི་4513ཟིན་པའི་མཚོ་བོད་ཚོགས་པ་ཀུང་སི་ལྷ་སའི་མེ་འཁོར་ལས་ཚུགས་ཀྱི་ནག་ཆུ་བབས་ཚུགས་སུ་གློ་བུར་དུ་ཁ་བ་ཆེན་པོ་བབས་ཤིང་། རིང་པོ་མ་སོང་བར་བབས་ཚུགས་ཀྱི་སྟེགས་བུར་གངས་གསོག་ཐེབས་ཚད་ཧའོ་སྨི་50ཟིན། ཁ་བ་ཆེན་པོའི་མདུན་དུ། ནག་ཆུ་བབས་ཚུགས་ཀྱིས་འཕྲལ་མར་གནམ་གཤིས་ངན་པར་ཁ་གཏད་གཅོག་པའི་འཕྲལ་སྡོམ་བཀོད་སྒྲིག་སྔོན་ཇུས་ལག་ལེན་བསྟར་བ་དང་། བབས་ཚུགས་ཀྱི་ལས་བྱེད་ལས་བཟོ་སྒྲིག་འཛུགས་བྱས་ནས་གངས་འཕྱག་རུ་ཁག་བཙུགས་ཏེ། བབས་ཚུགས་ཀྱི་ལམ་མདོ་ཁ་དང་། བབས་ཚུགས་ཀྱི་སྟེགས་བུ། བབས་ཚུགས་ཀྱི་འགྲོ་འོང་བྱེད་སྒོ། ལྕགས་ལམ་ཁ་སྒྱུར་སྒྲིག་ཆས་སོགས་གཙོ་གནད་ཁུལ་དང་སྒྲིག་ཆས་ཐོག་གི་གསངས་གསོག་གཙང་འཕྱག་བྱས་པ་མ་ཟད། འཕྲལ་སྡོམ་བཀོད་སྒྲིག་གི་ལས་བགོས་བཞིན་འགན་གཙང་ལས་བྱེད་པ་མངགས་ཏེ་འགྲུལ་པ་མེ་འཁོར་ནས་བབ་འཛེག་དང་། འཁོར་སྐྱོད་བཀོད་གཏོང་བཀོད་འདོམས། སྒྲིག་ཆས་སྐོར་གཡེང་ཞིབ་བཤེར། མེ་འཁོར་བཀོད་གཏོང་བདེ་འཇགས། མེ་འཁོར་འདྲེད་འགོག་སོགས་ཀྱི་ལས་དོན་ལ་ཉིན་མཚན་མེད་པར་སོ་ལྟ་བྱས་ནས། གནམ་གཤིས་ངན་པ་སྟོན་སྐབས་སྐྱེལ་འདྲེན་བདེ་འཇགས་ཐད་གནོད་སྐྱོན་མི་ཐོན་པའི་འགན་ལེན་བྱས་པ་རེད།

    “ད་ལྟ་ཁ་བ་ཆེན་པོ་འབབ་ཀྱིན་འདུག འགྲུལ་པ་ལམ་སེང་མེ་འཁོར་ནས་བབ་འཛེག་བྱེད་རྒྱུ་ཡིན་པས། ཚང་མས་དུས་ཚོད་དམ་འཛིན་སྒོས་བབས་ཚུགས་ཀྱི་སྟེགས་བུའི་གངས་གསོག་འཕྱགས་ནས་འགྲུལ་པ་ཚོ་འདྲེད་བརྡབ་མི་ཤོར་བར་བྱེད་རོགས”ཞེས་ཆུ་ཚོད་7དང་སྐར་མ་30ལ་ནག་ཆུ་བབས་ཚུགས་ཀྱི་ཀྲན་ཀྲང་ཉིའུ་ཐའོ་ཡིས་མངགས་ཆ་ནན་པོ་བྱས།

    ཛ་དྲག་ངང་གཙང་འཕྱག་བྱས་པ་བརྒྱུད། ཆུ་ཚོད་7དང་སྐར་མ་44ལ་མེ་འཁོར་གཏོང་ཐེངས་Z21བབས་ཚུགས་ནང་དལ་པོར་འཛུལ་ཡོང་། སྐབས་དེར་ལས་བཟོ་རྣམས་ཀྱིས་རང་འགན་ཕྲག་ཏུ་ཁུར་ཏེ་བབས་ཚུགས་ཀྱི་སྟེགས་བུ་དང་། ལམ་མདོ། འགྲོ་འོང་བྱེད་སྒོ་བཅས་སུ་གྲ་སྒྲིག་ཨང་གསར་བྱས་ནས་བསྡད།

    ཆུ་ཚོད་7དང་སྐར་མ་50ལ། ཁ་བ་བུ་ཡུག་ཁྲོད་དུ་མེ་འཁོར་ནག་ཆུ་བབས་ཚུགས་ནས་ཐོན་ཞིང་། ལས་བཟོ་རྣམས་སླར་ཡང་གངས་གསོག་འཕྱག་པའི་ལས་ལ་ཞུགས།

    ཁ་བ་བུ་ཡུག་ཁྲོད་དུ་ལས་བཟོ་ཚོས་ལྕགས་ཁྱེམ་དང་འཕྱག་མ་ཁྱེར་ཏེ་བབས་ཚུགས་ཀྱི་སྟེགས་བུ་དང་། འགྲོ་འོང་བྱེད་སྒོར་བྲེལ་བ་ཆེན་པོས་གངས་འཕྱག་ལས་ལ་གཞོལ། ཁ་བ་ཆེན་པོ་བབས་ནས་ཚང་མའི་མིག་ཀྱང་འབྱེད་དཀའ་ལ། མིག་སྤུ་དང་ཞྭ་འདབས་སུའང་བ་མོ་འཁོར། གངས་གསོག་གཙང་མར་འཕྱགས་ཀྱང་། ཡུད་ཙམ་ནས་སླར་ཡང་གངས་གསོག་ཐེབས་ལ། འགྲུལ་པ་རྒྱུན་ཆད་མེད་པར་བདེ་འཇགས་ངང་མེ་འཁོར་ནས་བབ་འཛེག་བྱས་ཤིང་། འགྲུལ་སྐྱེལ་མེ་འཁོར་ཡང་རྒྱུན་མི་ཆད་པར་བདེ་འཇགས་ངང་བབས་ཚུགས་ནས་ཐོན།

    ཆུ་ཚོད་13དང་སྐར་མ་14ལ་མེ་འཁོར་གཏོང་ཐེངས་Z9817ཁ་བ་བུ་ཡུག་ཁྲོད་ནག་ཆུ་བབས་ཚུགས་ནས་ཐོན། ཞོགས་པའི་མེ་འཁོར་དང་པོ་བསུས་པ་ནས་སྐབས་དེའི་བར་ལས་བཟོ་ཚོས་ཡང་སྐོར་བསྐྱར་སྐོར་དུ་ཁ་བ་ཐེངས་12འཕྱགས།

    མེ་འཁོར་གཏོང་ཐེངས་Z9817གྱི་འགྲུལ་པ་མཐའ་མ་བསྐྱལ་རྗེས། ལས་བཟོ་ཚོས་སླར་ཡང་ཛ་དྲག་ངང་གངས་འཕྱག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།