དབུ་ཤོག>ཁྲིམས་ལུགས།>ཞི་མཐུན་ས་མཐོ།
  • མེ་ཏོག་རྫོང་རོགས་སྐྱོབ་ས་ཚིགས་ཀྱིས།

    རྨས་སྐྱོན་ཕོག་པའི་རི་སྐྱེས་སྲོག་ཆགས་ཤིག་བསྐྱབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-02

    འདི་ནི་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགུ་ཐང་ཤང་གི་གྲོག་མའི་ནགས་ཚལ་སྲོག་ཆགས་རོགས་སྐྱོབ་ས་ཚིགས་ཀྱི་ལས་དོན་པས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཤ་བ་སྐྱོབ་བཞིན་པ།

    ཟླ་12ཚེས་21ཉིན་མེ་ཏོག་རྫོང་དགུ་ཐང་ཤང་མདོ་ལུང་གྲོང་ཚོའི་མང་ཚོགས་ཚོ་ཞིང་ནང་དུ་ཞིང་ལས་བྱེད་སྐབས་ཡུར་བུའི་ནང་རྨས་སྐྱོན་ཕོག་པའི་ཤ་བ་ཆུང་ཆུང་ཞིག་ལུས་པ་མཐོང་། མང་ཚོགས་ཚོས་རོགས་སྐྱོབ་ས་ཚིགས་ལ་དེ་དོན་སྙན་སེང་ཞུས་པ་དང་། རོགས་སྐྱོབ་ས་ཚིགས་ཀྱིས་ལམ་སེང་རོགས་སྐྱོབ་པ་སྐྱོབ་བཅོས་ཀྱི་ལས་དོན་སྤེལ་བར་བཏང་ཞིང་། བརྟག་དཔྱད་བྱས་རྗེས་ཤ་བའི་རྐང་པར་རྨས་སྐྱོན་ཕོག་པ་ཤེས་ནས་རྨ་ཁར་དུག་སེལ་སྒོས་རྨ་རས་དཀྲིས་པ་དང་དེ་རྗེས་རོགས་སྐྱོབ་ས་ཚིགས་ཀྱིས་དཔྱད་དཔོག་ལྟ་ཞིབ་བྱས་ནས་སྐྱོན་མེད་པ་ཤེས་རྗེས་ནགས་ཚལ་ཁྲོད་གློད་རྒྱུའི་ཐག་བཅད།

    རོགས་སྐྱོབ་ས་ཚིགས་ཀྱི་འགན་འཁུར་བ་ཝང་ཤིན་གྱིས། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་སྲོག་ཆགས་ཏེ་གུང་རིའི་ཤ་བ་ཡིན་པ་དང་། ཤ་བ་དེ་སྤྱིར་ན་མཚོན་མོར་ཁེར་རྐྱང་འགྲོ་འོང་བྱེད་པའམ་ཡང་ན་ཞོགས་པ་དང་ས་སྲོས་སུ་འགྲོ་འོང་མང་བ་ལས་ཉིན་མོར་སྤྱིར་ན་ཕྱིར་དོན་གྱི་མེད། ད་ཐེངས་ཕལ་ཆེར་གངས་བབས་ནས་གནམ་གཤིས་གྲང་དུ་ཕྱིན་ཏེ་ཁོ་ཚོའི་ཟས་འཚོལ་བའི་ཁྱབ་ཁོངས་ཆུང་དུ་ཕྱིན་པས་མིའི་རིགས་ཀྱི་བྱེད་སྒོའི་ས་ཁོངས་སུ་ཟས་འཚོལ་བར་ཡོང་དགོས་བྱུང་བ་དང་། མིའི་རིགས་ཀྱི་འཚོ་བའི་ཁུལ་དུ་ཡོང་སྐབས་འཁྱམ་ཁྱིའམ་ཡང་ན་གྲོང་མིའི་ཁྱིས་དེད་ནས་ཡུར་བུའི་ནང་ཟགས་ཏེ་རྨས་སྐྱོན་ཕོག་པ་ཞིག་རེད་ཅེས་བཤད།

    དགུན་དུས་ནི་རི་སྐྱེས་སྲོག་ཆགས་འཚོ་གནས་བྱེད་དཀའ་བའི་དུས་ཤིག་རེད། ཟས་རིགས་ཉུང་དུ་ཕྱིན་པས་ཁོང་ཚོས་ས་བབ་དམའ་བའི་ཁུལ་དུ་གནས་སྤོས་ཏེ་མིའི་རིགས་སྡོད་སའི་ས་ཁོངས་སུ་ཟས་འཚོལ་བར་སྐྱོད་ཀྱི་ཡོད། གྲོང་མིས་གལ་སྲིད་རྨས་སྐྱོན་ཕོག་པའི་སྲོག་ཆགས་མཐོང་སྐབས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཚན་ལ་རོགས་སྐྱོབ་སྙན་སེང་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།