དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གོང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས།

    ཁྲིམས་འཛིན་རོགས་སྐྱོབ་བྱས་ནས་མང་ཚོགས་ལ་དྲོ་སྐྱིད་སྦྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-02

    ཉིན་ཤས་གོང་། གོང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རང་འགུལ་ངང་འགན་འཁྲི་སྒྲུབ་པ་དང་། གྱོད་སྒྲུབ་ཐབས་ལམ་རྒྱ་ཆེར་གཏོང་བ། རོགས་སྐྱོབ་བྱ་ཐབས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བརྒྱུད། ཞིབ་དཔྱད་དང་ཞུ་གཏུག་རྒྱག་བཞིན་པའི་རྐང་བཙུགས་ནས་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་གི་གནོད་འཚེ་ཕོག་མཁན་ལ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་རང་འགུལ་ངང་སྤེལ་ནས། རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་ཀྱི་ཕན་འབྲས་རྒྱུན་མཐུད་ཆེ་རུ་བཏང་སྟེ་ཁྲིམས་འཛིན་རོགས་སྐྱོབ་ལས་དོན་དེ་བས་ནུས་ལྡན་དང་། གཏིང་ཟབ། དྲོ་སྐྱིད་ལྡན་པ་བཅས་ཡོང་བར་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གོང་དཀར་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་རྐང་བཙུགས་ནས་གནོད་འཚེ་བཏང་བའི་གྱོད་གཞི་ཞིག་སྒྲུབ་སྐབས། གནོད་འཚེ་ཕོག་མཁན་ཕུར་ཆེ་གེ་མོར་གྱོད་གཞི་འདིས་རྐྱེན་པས་གཟུགས་པོར་གནོད་འཚེ་ཕོག་ནས་ངལ་ནུས་ཤོར་བའི་ཁར། གནོད་འཚེ་གཏོང་མཁན་གྱིས་སྐྱིན་ཚབ་དངུལ་འདང་ངེས་སྤྲད་མེད་པས་ཕུར་ཆེ་གེ་མོའི་ནང་མི་བཞི་པོའི་འཚོ་བར་དཀའ་ངལ་འཕྲད་པ་ཤེས་རྟོགས་བྱུང་བས། ཁང་དེས“རང་འགུལ་ངང་ཤེས་རྟོགས་དང་། རང་འགུལ་ངང་བརྡ་གཏོང་བ། རང་འགུལ་ངང་བརྟག་དཔྱད། རང་འགུལ་ངང་རོགས་སྐྱོབ”བཅས་ཀྱི་ཁྲིམས་འཛིན་རོགས་སྐྱོབ་འདུ་ཤེས་བཅངས་ནས། གནོད་འཚེ་ཕོག་མཁན་ལ་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་རེ་ཞུའི་ཆ་རྐྱེན་ཤེས་སུ་བཅུག་པ་དང་། རེ་བ་ཞུ་མཁན་གྱི་རྨས་སྐྱོན་ཆོད་སྡོམ་སྙན་ཞུ་དང་། སྨན་བཅོས་དཔང་ཡིག སྨན་རིན་དཔང་འཛིན། གྱོད་གཞི་དོ་བདག་ཕྱོགས་གཉིས་པོའི་ཁྱིམ་ཚང་གི་རྒྱུ་ནོར་ཡོང་འབབ་སོགས་ཡིག་ཐོག་དཔྱད་གཞིར་བརྟག་དཔྱད་གཏིང་ཟབ་བྱས་པ་དང་ཆབས་ཅིག གནོད་འཚེ་ཕོག་མཁན་གྱི་ཁོངས་གཏོགས་གྲོང་ཚོ་ཨུ་ལྷན་དང་། ཁྱིམ་མཚེས། ཤང་དང་གྲོང་རྡལ་སྡེ་ཚན་སོགས་སུ་བསྐྱོད་དེ་འབྲེལ་ཡོད་གནས་ཚུལ་བརྟག་དཔྱད་ཞིབ་བསྡུར་ཡང་བྱས་པ་རེད། ཞིབ་དཔྱད་བྱས་པ་བརྒྱུད། གནོད་འཚེ་ཕོག་མཁན་ཕུར་ཆེ་གེ་མོ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པས། ཁོ་པར་རྒྱལ་ཁབ་ཀྱི་ཁྲིམས་འཛིན་རོགས་སྐྱོབ་དངུལ་སྒོར་ཁྲི་2སྤྲོད་རྒྱུའི་ཐག་བཅད་པ་རེད།

    ཕུར་ཆེ་གེ་མོས“མ་གཞི་ཆག་སྒོ་འདིས་ངའི་ཁྱིམ་ཚང་ལ་དཀའ་ངལ་ཆེན་པོ་འཕྲད་མོད། འོན་ཀྱང་སྲིད་གཞུང་གི་རོགས་རམ་ལས་ང་ལ་དྲོ་སྐྱིད་ཆེན་པོ་ཚོར་བྱུང་། ཞིབ་དཔྱོད་ཁང་གི་ལས་དོན་མི་སྣས་ངའི་མིག་སྔའི་འཚོ་བའི་དཀའ་ངལ་སེལ་རོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།