བྱང་ཐང་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་སྲུང་མཁན།
འདི་ནི་སྐལ་བཟང་ལྷུན་གྲུབ་ཀྱིས་སྐོར་སྲུང་གི་ལམ་བར་ནས་བརྒྱབ་པའི་གཙོད་ཁྱུ་ཚོགས་ཀྱི་པར་ཡིན་པ།
འདི་ནི་སྐོར་སྲུང་རུ་ཁག་གི་རུ་མིས་སྦག་སྦག་བཞོན་ནས་སྐོར་སྲུང་ལ་སྐྱོད་རྩིས་ཡོད་པ།
འདི་ནི་སྐོར་སྲུང་རུ་ཁག་གི་རུ་མིས་སྦག་སྦག་བཞོན་ནས་སྐོར་སྲུང་བྱེད་བཞིན་པ།
འདི་ནི་སྐལ་བཟང་ལྷུན་གྲུབ་ཀྱིས་སྐོར་སྲུང་གི་ལམ་བར་ནས་རི་སྐྱེས་སྲོག་ཆགས་ལ་པར་རྒྱག་བཞིན་པ།
འདི་ནི་སྐལ་བཟང་ལྷུན་གྲུབ་ཀྱིས་སྐོར་སྲུང་གི་ལམ་བར་ནས་རང་ཉིད་ཀྱིས་བརྒྱབ་པའི་པར་ལ་ལྟ་བཞིན་པ།
འདི་ནི་སྐལ་བཟང་ལྷུན་གྲུབ་ཀྱིས་སྐོར་སྲུང་གི་ལམ་བར་ནས་རི་སྐྱེས་སྲོག་ཆགས་པར་རྒྱག་བཞིན་པ།
འདི་ནི་སྐལ་བཟང་ལྷུན་གྲུབ་ཀྱིས་བདག་སྐྱོང་ས་ཚིཌ་སུ་ཉར་ཚཌ་བྱས་པའི་འགྱུར་རྡོའི་མདུན་དུ་དེབ་ལྟ་བཞིན་པ།
བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་བོད་རང་སྐྱོང་ལྗོངས་ཀྱི་བྱང་རྒྱུད་དུ་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་29.8ཡོད། སྲུང་སྐྱོང་བྱ་ཡུལ་གཙོ་བོ་ནི། ཉར་ཚགས་ཆ་ཚང་ལ་ཐུན་མོང་མ་ཡིན་པའི་མཐོ་གྲང་གི་སྐྱེ་ཁམས་མ་ལག་དང་རྨིག་ལྡན་སྲོག་ཆགས་ཆེ་གྲས་རིགས་ཁ་ཤས་ཡིན་པ་རེད། སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས་10དང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་སྲོག་ཆཌ་རིགས་21ཡོད་པས། “རི་སྐྱེས་སྲོག་ཆཌ་ཀྱི་དགའ་ཚལ”ཞེས་འབོད་ཀྱི་ཡོད།
2015ལོ་ཚུན་དུ་བོད་རང་སྐྱོང་ལྗོངས་ཀྱིས་བྱང་ཐང་དུ་དོ་དམ་ས་ཚིགས་73བཙུགས་ཡོད་ཅིང་། མིག་སྔར་ཆེད་ལས་བདག་སྐྱོང་པ་780ཡོད། བདག་སྐྱོང་པའི་འབད་བརྩོན་འོག་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཉེ་བའི་ལོ་ཤས་རིང་ལྐོག་རྔོན་རྒྱག་པའི་གྱོད་གཞི་ཐོན་མྱོང་མེད་པ་རེད།
2016ལོར་དངོས་སུ་བཙུགས་པའི་ནོར་བུ་གཡུ་རྒྱལ་རི་སྐྱེས་སྲོག་ཆགས་བདག་སྐྱོང་ས་ཚིགས་ཀྱི་མིང་ནི་རྔོན་རྒྱག་མཁན་དང་འཐབ་རྩོད་བྱེད་སྐབས་རང་སྲོག་ཤོར་བའི་དཔའ་བོ་ནོར་བུ་གཡུ་རྒྱལ་གྱི་མིང་བཏགས་པ་ཞིག་ཡིན་ཞིང་། ས་ཚིགས་དེས་བྱང་ཐང་མི་མེད་ཁུལ་དུ་སྐྱོད་སའི་ལམ་བུ་གལ་ཆེན་སྲུང་བཞིན་ཡོད་པ་དང་། མིག་སྔར་མི་14ཡོད།
ལོ་35ལ་སླེབས་པའི་སྐལ་བཟང་ལྷུན་གྲུབ་ནི་ནོར་བུ་གཡུ་རྒྱལ་རི་སྐྱེས་སྲོག་ཆགས་བདག་སྐྱོང་ས་ཚིགས་ཀྱི་ཀྲེན་ཀྲང་རེད། ཁོང་རི་སྐྱེས་སྲོག་ཆགས་དང་། རི་སྐོར་གྱི་འཚོ་བ། དེ་བཞིན་མུ་མེད་ཀྱི་སྐར་ཚོགས་བཅས་ལ་པར་རྒྱག་པར་དགའ་པོ་ཡོད།