དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་ལྗོངས་ཁྲིམས་ཁང་གིས་སྤུས་ལེགས་ནུས་ཆེའི་ཁྲིམས་འཛིན་ཞབས་ཞུར་བརྟེན་ནས“འཛུགས་གཏོད་བཞིར”འགན་སྲུང་བྱས་པ།

    2023ལོར་ཁྲིམས་དཔོན་མི་རེས་ཆ་སྙོམས་གྱོད་གཞི་70.34གྱོད་ཐག་བཅད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-02

    ཉེ་དུས། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་2023ལོར་བོད་ལྗོངས་ཁྲིམས་ཁང་གིས“དོན་ཆེན་བཞིར”སྔར་བས་དམིགས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”ཡི་ལས་དོན་གཙོ་བོར་ནུས་ཤུགས་གང་ཡོད་ཀྱིས་ཞབས་འདེགས་དང་འགན་སྲུང་བྱས་ཡོད།

    2023ལོར་བོད་ལྗོངས་ཁྲིམས་ཁང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་བསྒྲུབས་ནས་འདྲི་གཅོད་ཀྱི་འདུ་ཤེས་དང་། འདྲི་གཅོད་ཀྱི་ལམ་སྲོལ། འདྲི་གཅོད་ཀྱི་མ་ལག འདྲི་གཅོད་ཀྱི་དོ་དམ་བཅས་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཁྱོན་གྱོད་གཞི་86260བདག་སྤྲོད་བྱས་པ་དེ་དུས་མཚུངས་ལས་31.75%འཕར་བ་དང་། འདྲི་གཅོད་དུས་བཀག་ནང་གྱོད་ཐག་གཅོད་ཚད་91.68%ཟིན་པ། ལྗོངས་ཡོངས་ཀྱི་ཁྲིམས་དཔོན་མི་རེས་ཆ་སྙོམས་གྱོད་གཞི་70.34གྱོད་ཐག་བཅད་དེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤུས་ལེགས་ནུས་ཆེའི་ཁྲིམས་འཛིན་གྱི་ཞབས་འདེགས་ཞུས་པ་དང་འགན་སྲུང་བྱས་ཡོད།

    2023ལོར་བོད་ལྗོངས་ཁྲིམས་ཁང་གིས་ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་དྲང་གཞག་དང་ནུས་ཆེའི་ཁྲིམས་འཛིན་འདྲི་གཅོད་ཞབས་ཞུར་བརྟེན་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞི”འགན་སྲུང་བྱས་ཡོད། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཞབས་འདེགས་ཞུ་བའི་སྔོན་སྐྱོད་པ་སྣེ་ཁྲིད་བྱས་ནས། ཉེས་དོན་གྱི་བྱས་ཉེས་བསགས་པར་ཁྲིམས་ལྟར་ཆད་པ་བཅད་དེ། སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་དང་། ཡུན་རིང་། ཕྱོགས་ཡོངས་བཅས་ཀྱི་བརྟན་ལྷིང་ལ་འགན་ལེན་ཏན་ཏིག་བྱས་ཡོད། ཉེས་དོན་གྱོད་གཞི་2266ཞིབ་གཅོད་མཇུག་སྒྲིལ་བ་དེ་དུས་མཚུངས་ལས་9.22%འཕར་བ་དང་། འདྲི་གཅོད་དང་པོའི་ཁྲིམས་བཅད་དང་ལེན་གྱིས་ཞུ་གཏུག་མཚམས་འཇོག་བྱེད་ཚད་91.89%ཟིན་ཡོད། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཞབས་འདེགས་ཞུ་བའི་སྲུང་སྐྱོང་པ་སྣེ་ཁྲིད་ནས་དམངས་དོན་དང་ཚོང་དོན་གྱོད་གཞི་འདྲི་ཞིབ་ཚད་རན་པོ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་འགན་ལེན་བྱས་ཡོད། དམངས་དོན་དང་ཚོང་དོན་གྱི་གྱོད་གཞི་40969ཞིབ་གཅོད་མཇུག་སྒྲིལ་བ་དེ་དུས་མཚུངས་ལས་31.37%འཕར་བ་དང་། འདྲི་གཅོད་དང་པོའི་ཁྲིམས་བཅད་དང་ལེན་གྱིས་ཞུ་གཏུག་མཚམས་འཇོག་བྱེད་ཚད་89.62%ཟིན་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཞབས་འདེགས་ཞུ་བའི་འཛུགས་སྐྲུན་པ་སྣེ་ཁྲིད་ནས་རང་འགུལ་ཁྲིམས་འཛིན་ལ་བརྟེན་ནས“འཛམ་གླིང་ཡང་རྩེར”སྲུང་སྐྱོང་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྲུང་སྐྱོང་བྱས་ཡོད། ཁོར་ཡུག་ཐོན་ཁུངས་དང་འབྲེལ་བའི་གྱོད་གཞི་262ཞིབ་གཅོད་མཇུག་སྒྲིལ་བ་དེ་དུས་མཚུངས་ལས་12.39%འཕར་ཡོད། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཞབས་འདེགས་ཞུ་བའི་སྐུལ་འདེད་པ་སྣེ་ཁྲིད་ནས་མཐའ་འབྲེལ་གྱི་ཁྲིམས་འཛིན་བྱེད་ཐབས་གསར་གཏོད་བྱས་ཏེ་མཐའ་མཚམས་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱས་ཡོད། མཐའ་མཚམས་རྫོང་གི་ཁྲིམས་ཁང་21གིས་གྱོད་གཞི་སྣ་ཚོགས་7124གྱོད་ཐག་བཅད་པ་དང་། མཐའ་བརྟན་མཐའ་དར་དམངས་ཕྱུག་གི་དཔེ་སྟོན་ཁྲིམས་ཁང་33བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།