དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོད་རང་སྐྱོང་ལྗོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་བདག་དབང་དང་བེད་སྤྱོད་དབང་ཆ་ཉོ་ཚོང་གི་གན་རྒྱ་ཐོག་མ་བཞག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-01-02

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས་ཆུའི་ཐོན་ཁུངས་ཀྱི་བདག་དབང་དང་བེད་སྤྱོད་དབང་ཆ་ཉོ་ཚོང་ལས་སྟེགས་བརྒྱུད་བོད་རང་སྐྱོང་ལྗོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་བདག་དབང་དང་བེད་སྤྱོད་དབང་ཆ་ཉོ་ཚོང་ཐོག་མ་ལེགས་སྒྲུབ་བྱས་ཡོད། བརྒྱུད་བཤུག་བྱེད་མཁན་ལྷོ་བྲག་རྫོང་མི་དམངས་སྲིད་གཞུང་དང་བརྒྱུད་བཤུག་བྱ་ཡུལ་གོང་དཀར་རྫོང་མི་དམངས་སྲིད་གཞུང་དབར་ཆུའི་ཐོན་ཁུངས་ཀྱི་བདག་དབང་དང་བེད་སྤྱོད་དབང་ཆ་ཉོ་ཚོང་གི་གྲོས་མཐུན་ཡི་གེ་བཞག་པ་དང་། ཉོ་ཚོང་བྱས་པའི་ཆུ་འབོར་ལོ་རེར་སྨི་རྒྱ་དཔངས་གྲུ་བཞི་ཁྲི་181ཟིན་པ་དང་། ཉོ་ཚོང་དངུལ་གྲངས་བསྡོམས་འབོར་སྒོར་ཁྲི་18.1ཟིན་ཡོད་པ་རེད།

    ད་ཐེངས་ཀྱི་ཆུའི་ཐོན་ཁུངས་ཀྱི་བདག་དབང་དང་བེད་སྤྱོད་དབང་ཆ་ཉོ་ཚོང་བྱས་པ་ནི་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་མཛུབ་ཁྲིད་དང་སྐུལ་འདེད་བཏང་བའི་ཆུའི་ཐོན་ཁུངས་ཀྱི་བདག་དབང་དང་བེད་སྤྱོད་དབང་ཆ་ཉོ་ཚོང་གི་གྲུབ་འབྲས་ཐོབ་པའི་དཔེ་མཚོན་ཞིག་དང་། བོད་རང་སྐྱོང་ལྗོངས་ཀྱིས་བོད་ཀྱི་ཆུའི་ཐོན་ཁུངས་ཀྱི་བདག་དབང་དང་བེད་སྤྱོད་དབང་ཆ་ཉོ་ཚོང་ལས་སྟེགས་སྤྱད་དེ་གྲོས་མཐུན་བརྒྱུད་བཤུག་གི་བྱ་ཐབས་ལ་བརྟེན་ནས་ལེགས་སྒྲུབ་བྱས་པའི་ཆུའི་ཐོན་ཁུངས་ཀྱི་བདག་དབང་དང་བེད་སྤྱོད་དབང་ཆ་ཉོ་ཚོང་ཐོག་མ་ཞིག་ཡིན་ལ། ལྷོ་ཁ་གྲོང་ཁྱེར་གྱིས་ཆུའི་ཐོན་ཁུངས་ཀྱི་བདག་དབང་དང་བེད་སྤྱོད་དབང་ཆ་ཉོ་ཚོང་སྒྱུར་བཅོས་ལ་དམིགས་པའི་གསར་གཏོད་ལྡན་པའི་གྲུབ་འབྲས་ཤིག་ཀྱང་རེད།

    ཤེས་རྟོཌ་བྱུང་བར་གཞིཌ་ན། ད་ཐེངས་ཀྱི་ཉོ་ཚོང་བརྒྱུད་ཁྲོམ་རའི་ལམ་སྲོལ་ལེཌ་སུ་དང་ཆུའི་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་ནུས་པ་གང་ལེཌ་བཏོན་ནས་རྫོང་ཁོངས་ཀྱི་ཆུ་སྤྱོད་དམིཌ་ཚད་ཀྱི་དཀའ་གནད་བསལ་བ་དང་ཆུའི་ཐོན་ཁུངས་ཀྱི་བཙན་ཐབས་འཆུན་འདོམས་བྱེད་ཤུཌ་ཀྱང་ཆེ་རུ་ཕྱིན་པ་མ་ཟད། གྲོང་ཁྱེར་ཡོངས་ཀྱི་ཆུའི་ཐོན་ཁུངས་ལེཌ་སྒྲིག་བཀོད་སྒྲིག་དང་། ལེགས་བསྡུས་ཞིབ་གཉེར། གྲོན་ཆུང་། ཕན་ཆེ་བཅས་ཀྱི་སྒོ་ནས་སྤྱོད་པའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད། དེ་ཐོག་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཆུའི་ཐོན་ཁུངས་ཀྱི་བདག་དབང་དང་བེད་སྤྱོད་དབང་ཆ་ཉོ་ཚོང་ལས་དོན་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།