དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་པ།

  •     སྤེལ་དུས།  2023-12-26

    རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་ཚོགས་ཡུལ་ཡིན་པ།

    རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས་ཤིང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་བཟང་བསྟན་དར་གྱིས་ཚང་མས་དམ་བཅའ་འཇོག་སྐབས་ལྟ་སྐུལ་བྱས་པ་དང་འབྲེལ། གསུང་བཤད་ཀྱང་གནང་བ་རེད།

    ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་40ལ་དམ་བཅའ་འཇོག་པའི་མཛད་སྒོ་འགོ་ཚུགས་ཤིང་། དམ་བཅའ་འཇོག་པའི་རྣམ་པ་སྒམ་བརླིང་ལྡན་ལ་ཚང་མ་གུས་སྟབས་ཀྱིས་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བཏང་བ་རེད། སྣེ་ཁྲིད་དམ་བཅའ་བས་རྒྱལ་རྟགས་ལ་ཁ་ཕྱོགས་ཤིང་། ལག་གཡོན་མ་རྩ་ཁྲིམས་ཐོག་བཞག་སྟེ། གསར་དུ་བསྐོ་གཞག་བྱས་པའི་འགོ་ཁྲིད་ལས་བྱེད་པ་33གྱི་སྣེ་ཁྲིད་ནས་ལག་གཡས་པ་ཁུ་ཚུར་བསྒྲིལ་སྟེ་དམ་བཅའ་བརྟན་པོ་བཞག་པ་དང་། དམ་བཅའ་འཇོག་མཁན་གྱིས་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་དང་རྩ་ཁྲིམས་ཀྱི་འགན་འཁྲི་ལག་ལེན་བསྟར་བའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་པ་རེད།

    བློ་བཟང་བསྟན་དར་གྱིས། ལྷག་བསམ་རྣམ་དག་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ“འདུ་ཤེས་བཞི”སྔར་བས་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ཁྲིམས་ལྟར་འགན་འཁྲི་གཙང་སྒྲུབ་དང་། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་མཐའ་ཚད་བརྟན་པོར་སྲུང་བ། རྩ་ཁྲིམས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཁྲིམས་སྐྱོང་གི་འདུ་ཤེས་དང་བྱེད་ཐབས་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། ནུས་ཤུགས་ཡོད་རྒུས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་དང་། ཐོག་མཐའ་བར་གསུམ་དུ་དངོས་འཛིན་དངོས་སྒྲུབ་ཀྱིས་འཕེལ་རྒྱས་དོན་དུ་གཉེར་བ། “དོན་ཆེན་བཞི”དང“འཛུཌ་གཏོད་བཞིར”དམིགས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་ལས་འགན་ཨང་དང་པོར་སྟངས་འཛིན་ནན་པོ། དམིགས་ཚད་དམ་པོར་བཟུང་ནས་ལྷོད་གཡེང་མི་གཏོང་བ་བཅས་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས། སྤྱོད་གཙང་གི་སྒྲིག་ཁྲིམས་ནན་པོར་བསྲུངས་ནས་ཐོག་མཐའ་བར་གསུམ་དུ་ཉེན་བརྡ་རྒྱུན་སྒྲོག་གིས་གུས་སྐྲག་ཤེས་པ་དང་། རང་རྟོགས་ངང་དབང་ཆ་ལམ་ལུགས་ཀྱི་རླུང་ཙེའི་ནང་འཇུག་པ། རང་གཅུན་ནན་པོ། རང་འགན་གཙང་སྒྲུབ། ཁོངས་གཏོགས་ལ་དོ་དམ་ནན་པོ་བཅས་བྱས་ཏེ། རང་འགུལ་ངང་ཕྱོགས་ཁག་གི་ལྟ་འདོམས་དང་ལེན་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།