དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གཞིས་རྩེ་གྲོང་ཁྱེར་གྱིས《གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ཀྱི་སྐུལ་སྤེལ་སྲོལ་ཡིག》བཀྲམ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-26

    གསར་འགོད་པས《གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ཀྱི་སྐུལ་སྤེལ་སྲོལ་ཡིག》བཀྲམ་ནས་ལག་བསྟར་བྱ་རྒྱུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། 《གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ཀྱི་སྐུལ་སྤེལ་སྲོལ་ཡིག》2024ལོའི་ཟླ་1ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་རེད།

    གྲོང་ཁྱེར་འཛུགས་གཏོད་གཞུང་ལས་ཁང་གི་འགན་འཁུར་བ་དབྱང་ལི་དབྱིང་གིས། 《གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་བྱ་སྤྱོད་ཀྱི་སྐུལ་སྤེལ་སྲོལ་ཡིག》འདོན་དོན་ནི་ཤེས་དཔལ་བྱ་སྤྱོད་ལ་སྔར་བས་ཁྲིད་སྟོན་དང་སྐུལ་འདེད་བཏང་ནས། སྤྱི་དམངས་ཀྱི་བྱང་ཚད་ལེགས་སུ་གཏོང་བ་དང་སྤྱི་ཚོགས་ཤེས་དཔལ་ཡར་རྒྱས་ལ་སྐུལ་འདེད་གཏོང་ཆེད་རེད། ཤེས་དཔལ་བྱ་སྤྱོད་དར་སྤེལ་དང་ཚུལ་མིན་བྱ་སྤྱོད་གཅུན་འདོམས་ལ་གཏན་འབེབས་གསལ་པོ་བཟོས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལས་དོན་ལ་ལམ་ལུགས་ཀྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།