དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རིན་སྤུངས་རྫོང་སྤྱི་བདེ་ཅུས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི“སྣ་འདུས་ཐབས་བཟང”དོན་འཁྱོལ་ཡག་པོ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-26

    འདི་ལོ་ཚུན་དུ་རིན་སྤུངས་རྫོང་སྤྱི་བདེ་ཅུས་ཀྱིས“ནན་པོ”གཙོ་བོར་བཟུང་བ་མཐའ་འཁྱོངས་ཀྱིས་རྒྱུན་གཏན་གྱི་ཞིབ་བཤེར་དང་དུས་ངེས་མེད་ཀྱི་འཐེན་བཤེར་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། ཁོངས་གཏོགས་ཁུལ་གྱི་གཙོ་གནད་ས་ཁོངས་སུ་བསྐྱོད་ནས། བདེ་འཇགས་འགོག་སྲུང་དང་། མེ་ཟོན་སྒྲིག་བཀོད་བཀོད་སྒྲིག བདེ་འཇགས་ལམ་ལུགས་དོན་འཁྱོལ། གློག་མིག་བསྒར་བ་སོགས་མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་ཟོན་འགོག་བྱེད་པའི་གནས་ཚུལ་ལ་དམིགས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཤིང་། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ་མངོན་མེད་རྐྱེན་ངན་གྱི་རྩིས་ཁྲ་བཟོ་བ་དང་དག་ཐེར་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚད་གཞི་ཆེ་ཤོས་ཀྱི་སྒོ་ནས་བསལ་བ་རེད།

    ཁོངས་གཏོགས་ཁུལ་གྱི་ལམ་ངོས་ལ་སྐོར་ཞིབ་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཤོང་ཚད་ལས་བརྒལ་བ་དང་། མྱུར་ཚད་ལས་བརྒལ་བ། ཆང་བཏུངས་འཁོར་གཏོང་། ར་བཟི་འཁོར་གཏོང་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ནས། བདེ་འཇགས་དང་གོ་རིམ་ལྡན་པའི་འགྲོ་ལམ་འགྲིམ་འགྲུལ་གྱི་ཁོར་ཡུག་ཏན་ཏིག་བཏོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།