དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“ཞབས་ཞུའི་ཐད་སྦྲེལ་ཁ་པར”ལ་བརྟེན་ནས་དམངས་ཆེད་ཁྲིམས་འཛིན་གྱི་ལས་དོན་ཧུར་ཐག་བསྒྲུབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-26

    བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པ་སྤེལ་བ་ནས་བཟུང་། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“དགོངས་དོན་སློབ་སྦྱོང་དང་། ཏང་གཤིས་ཟབ་གཏོང་། ལག་ལེན་ལ་གཙིགས་ཆེན། བྱས་རྗེས་གསར་འཇོག”གི་སྤྱིའི་བླང་བྱ་ཁོང་དུ་ཏན་ཏིག་ཆུད་པར་བྱས་ཁར། “12368”ཀྱི་གཏུག་བཤེར་ཞབས་ཞུའི་ཐད་སྦྲེལ་ཁ་པར་ལས་སྟེགས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས“མི་སེར་གྱིས་རེ་འབོད་ལ་ཁྲིམས་ཁང་གིས་བརྡ་ལན་ཞུ་བར”སྐུལ་འདེད་ཧུར་ཐག་བཏང་ཞིང་། “ཞབས་ཞུའི་ཐད་སྦྲེལ་ཁ་པར”ཤར་གཏོང་བྱས་པར་བརྟེན་ནས་དམངས་ཆེད་ཁྲིམས་འཛིན་གྱི་ལས་དོན་ཧུར་ཐག་བསྒྲུབས་པ་དང་། “12368”གཏུག་བཤེར་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱི“ལས་སྟེགས་ཆུང་ངུས”དམངས་ཆེད་ཁྲིམས་འཛིན་གྱི“བརྗོད་དོན་ཆེན་པོར”སྔར་བས་སྐུལ་འདེད་བཏང་བ་རེད།

    ཤེས་རྟོཌ་བྱུང་བ་ལྟར་ན། “12368”ནི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཏན་དུ་འཁེལ་བའི་རྒྱལ་ཡོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ཐུན་མོང་དུ་སྤྱོད་པའི་གཏུག་བཤེར་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཞིག་རེད། 2023ལོའི་ཟླ་བརྒྱད་པར། ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ལྗོངས་ཡོངས་སུ་སྔོན་ལ“12368”གཏུག་བཤེར་ཞབས་ཞུའི་ཐད་སྦྲེལ་ཁ་པར་གཅིག་སྡུད་དོ་དམ་ལྟེ་གནས་བཙུགས་པ་དང་། ཆེད་བསྐོས་གདན་བཞུགས་པ་གཉིས་བཀོད་སྒྲིག་བྱས་ཏེ་དོ་བདག་ལ་བཅའ་ཁྲིམས་ཀྱི་བློ་འདྲི་དང་། དྲ་ཐོག་ནས་གྱོད་དོན་འདྲི་རྩད་ཀྱི་ཞབས་ཞུ་མཁོ་འདོན། མང་ཚོགས་ཀྱི་དོགས་གཞི་གང་ཐུབ་སེལ་བ་བཅས་བྱས་པས་འགལ་བ་དང་རྩོད་གཞི་སྣ་ཚོགས་ཐོན་མ་ཐག་གྲལ་བཤེར་དང་བསལ་ཡོད། དོ་བདག་གིས་ཁ་པར་གཏོང་བའི་དགོས་མཁོར་གཞིགས་ནས་ཆེད་མངགས་གདན་བཞུགས་པས་སྐབས་འཕྲལ་ལན་འདེབས་ཐུབ་རིགས་ཀྱི་གནད་དོན་ལ་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ལན་རྒྱག་པ་དང་། སྐབས་འཕྲལ་ལན་འདེབས་མི་ཐུབ་པའི་གནད་དོན་དག་ཐོ་བཀོད་དེ་འབྲེལ་ཡོད་ལས་ཀའི་འགན་འཁྲི་ལྟར་སྒྲུབ་སྤྲོད་དང་། གཏན་འཁེལ་དུས་བཀག་ནང་དུས་ཐོག་ཏུ་ལན་བཏབ་ནས“བྱ་བ་ཚང་མར་ལན་ཡོད་པ་དང་ཏན་ཏིག་སྒྲུབ་དགོས་པའི”བླང་བྱ་བཏོན་ཡོད།

    ཤེས་རྟོགས་བྱུང་བ་ལྟར་ན། 2023ལོའི་ཟླ་8ཚེས་28ཉིན་ཚོད་ལྟའི་འཁོར་སྐྱོད་བྱས་པ་ནས་བཟུང་། ཐད་སྦྲེལ་ཁ་པར་ཐེངས་2443ཉན་པ་དང་། མི་ཐབས་ཀྱིས་ཞབས་ཞུ་སྒྲུབ་ཚད་98%དང་བློ་ཡིད་ཚིམ་ཚད་99%ཟིན་ལ། སྤྱིར་བཏང་གི་ལས་ཐོ་དང་སྒྲུབ་སྤྲོད་ཀྱི་ལས་ཐོ་ཁག་1329ཟིན་ནས་ལས་ཐོ་བསྒྲུབས་ཚད་100%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།