དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཆབ་མདོའི“ཁྲིམས་ཁང་དང་ཞིབ་དཔྱོད་ཁང”གིས་རི་སྐྱེས་སྲོག་ཆཌ་ལ་ཁྲིམས་འཛིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-26

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་དང་ཆབ་མདོ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་མཉམ་དུ《རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་སྤྱི་ཕན་གཏུག་བཤེར་གྱོད་གཞི་མཉམ་སྒྲུབ་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ཆོག་མཆན་བཀོད་ནས་བཏོན་པ་རེད།

    《བསམ་འཆར》ནང་། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་དུས་བཀག་བཞིན་ལས་ཀའི་ཆ་འཕྲིན་བརྗེ་རེས་བྱེད་དགོས། མི་དམངས་ཁྲིམས་ཁང་གིས་གྱོད་གཞིར་ཞིབ་གཅོད་བྱེད་རིང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་སྤྱི་ཕན་གཏུག་བཤེར་གྱོད་གཞིའི་འབྲེལ་ཡོད་ཁུངས་སྣེ་ཤེས་རྟོགས་བྱུང་རིགས་རིམ་པ་གཅིག་མཚུངས་ཀྱི་མི་དམངས་ཞིབ་དཔྱོད་ཁང་ལ་རྩིས་སྤྲོད་དགོས་པ་དང་། མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཕན་གཏུག་བཤེར་གྱོད་དོན་ཐོ་འགོད་ཀྱི་ཆ་རྐྱེན་དང་འཚམ་མིན་ལ་ཞིབ་བཤེར་ནན་པོ་བྱེད་དགོས་པ་དང་འབྲེལ། དུས་ཐོག་ཏུ་ཐག་གཅོད་བྱས་འབྲས་མི་དམངས་ཁྲིམས་ཁང་ལ་ཚུར་ལན་སྤྲོད་དགོས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གིས་རི་སྐྱེས་སྲོག་ཆགས་ཀྱི་ཁྲིམས་འཛིན་སྲུང་སྐྱོང་མཉམ་འབྲེལ་གྲོས་ཚོགས་ཀྱི་ལམ་ལུགས་བཙུགས་ཏེ། རི་སྐྱེས་སྲོག་ཆགས་ཁྱབ་ཁོངས་དང་འབྲེལ་བའི་ཁོར་ཡུག་ཐོན་ཁུངས་ཀྱི་གྱོད་གཞི་འདྲི་གཅོད་དང་སྤྱི་ཕན་གཏུག་བཤེར་ལས་དོན་གྱི་གནས་ཚུལ་དུས་བཀག་བཞིན་བརྡ་ཁྱབ་གཏོང་བ་དང་། ཕན་ཚུན་གནད་དོན་ཤོད་རེས། གྲོས་མོལ་ཞིབ་བསྡུར་བྱེད་པ། ལས་ཀའི་གྲོས་འགོ་འདོན་པ་བཅས་བྱས་ཏེ་ལས་དོན་སྤེལ་རིང་འཕྲད་པའི་དཀའ་གནད་དང་འགག་གནད་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།