དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ཁ་བསླུས་འགོག་ཟོན་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-26

    ཉེ་དུས་སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་རྫོང་གྲོང་མངགས་གཏོང་ཁང་གིས་ཁོངས་གཏོགས་ཁུལ་གྱི་ཚོང་ཁང་དང་ཨར་པོ་རྒྱག་ཡུལ་སོགས་སུ་བསྐྱོད་དེ་ཁ་བསླུས་འགོག་ཟོན་གྱི་དྲིལ་བསྒྲགས་དང་གྱོད་དཔེ་དྲངས་ནས་བཅའ་ཁྲིམས་འགྲེལ་བཤད་བརྒྱབ་སྟེ། ཚང་མས་ཁ་བསླུས་་འགོག་ཟོན་ཤེས་བྱ་སློབ་སྦྱོང་བྱེད་པའི་རྣམ་པ་ཟབ་མོ་གཏོད་པ་རེད།

    དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་བྱེད་པའི་བརྒྱུད་རིམ་ནང་། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་གྱོད་དཔེ་དངོས་དྲངས་པ་དང་གོ་བདེ་ཤེས་སླའི་སྐད་ཆས་གྲོང་མིར་ཁ་བསླུས་འགོག་ཟོན་གྱི་ཤེས་བྱ་གསལ་འགྲེལ་བྱས་ཏེ། སྤྱི་དམངས་ཡོངས་ཀྱི་སེམས་སུ་ཁ་བསླུས་འགོག་ཟོན་གྱི་ཤེས་བྱ་འཇགས་པར་བྱས་པ་རེད། དེ་དང་ཆབས་ཅིག་རྒན་རྒོན་ཚོགས་སྤྱིར་ཕྱོགས་པའི་ཁ་བསླུས་རྒྱག་སྟངས་ལ་དམིགས་ནས་བདེ་སྲུང་ཐོན་རྫས་ཚོང་བའི་ཁ་བསླུས་རྒྱག་སྟངས་དང་། “སྤྱི་བདེ་དང་། ཞིབ་དཔྱོད་ཁང་། ཁྲིམས་ཁང་བཅས་ཀྱི་མི་སྣར”རྫུས་པའི་ཁ་བསླུས་རྒྱག་སྟངས། དགའ་ཉེ་སྤུན་མཆེད་ལ་རྫུས་པའི་ཁ་བསླུས་རྒྱག་སྟངས། མ་འཇོག་དང་དངུལ་དོན་དོ་དམ་གྱི་ཐོག་ནས་ཁ་བསླུས་རྒྱག་སྟངས། སྐད་འཕྲིན་གྱི་ཁྲི་བརྒྱའི་འགན་སྲུང་གི་ཁ་བསླུས་རྒྱག་སྟངས་སོགས་ཀྱི་གྱོད་དཔེ་དངོས་དྲངས་ནས་གསལ་འགྲེལ་བྱས་ཏེ། རྒན་རྒོན་གྱིས་རང་ཉིད་དང་ནང་མིའི་ཆ་འཕྲིན་དང་། ཁ་པར་ཨང་གྲངས། དངུལ་ཁང་གཱ་ཡི་ཨང་གྲངས་སོགས་མི་སྒེར་གྱི་ཆ་འཕྲིན་ཆ་རྒྱུས་མེད་པའི་མིར་སྐུར་མི་རུང་བའི་དྲན་སྐུལ་བྱས་པ་རེད། མི་དམངས་ཉེན་རྟོག་པས་ཁོངས་གཏོཌ་ཁུལ་གྱི་གཙོ་གནད་ས་ཁོངས་སུ་ཁ་བསླུས་འགོག་ཟོན་གྱི་དྲིལ་བསྒྲགས་དོན་འཁྱོལ་བྱེད་ཚུལ་ལ་ཞིབ་བཤེར་བྱས་ནས་སྦྱིན་བདག་ནས་ཁ་བསླུས་འགོག་ཟོན་གྱི་གསོ་སྦྱོང་བྱེད་དགོས་པ་མ་ཟད། འགྲུལ་ཁང་དུ་སྡོད་མཁན་འགྲུལ་པར་ཡང་དྲན་སྐུལ་བྱས་ནས་མི་ཚང་མར་ཁ་བསླུས་མི་ཐེབས་པར་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།