དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • རང་ལྗོངས་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་སྲོལ་ཡིག》འདོན་འཆར་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-26

    ཁྲིམས་སྐྱོང་ནི་ཚོང་གཉེར་ཁོར་ཡུག་ཡག་ཤོས་དེ་རེད། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ལྗོངས་འཕེལ་སྒྱུར་ཨུ་ལྷན་དང་ཁྲིམས་འཛིན་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་སྲོལ་ཡིག》འདོན་པའི་འབྲེལ་ཡོད་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་། མིག་སྔར། 《སྲོལ་ཡིག(འཆར་ཟིན)》ལ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པར་ཞིབ་མཆན་ཐེངས་དང་པོ་བཀོད་པ་རེད།

    2022ལོའི་ཟླ་11པར། རྒྱལ་ཁབ་དང་སྤུན་ཟླའི་ཞིང་ཆེན(གྲོང་ཁྱེར)གྱི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་སྲོལ་ཡིག་དང་། རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་འཕེལ་རྒྱས་གནས་ཚུལ་དང་འབྲེལ་ཡོད་སྲིད་ཇུས་བྱ་ཐབས་ལ་ཕྱོགས་སྡོམ་གསེད་བཀྲོལ་དང་དབྱེ་ཞིབ་བྱས་པའི་རྨང་གཞིའི་ཐོག རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱིས《སྲོལ་ཡིག(བསམ་འཆར་བསྡུ་ལེན་མ་ཟིན)》བཀོད་ནས་ཁྲིམས་འཛུགས་གོ་རིམ་གྱི་བླང་བྱ་ལྟར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་དང་། ས་ཁུལ(གྲོང་ཁྱེར)ཁག་གི་སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང) རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན། དེ་བཞིན་ཁེ་ལས་དང་ཚོང་ཚོགས་བཅས་ཀྱི་འཐུས་མི་དང་རིགས་གཅིག་མཁས་ཅན་གྱི་བསམ་འཆར་བསྡུ་ལེན་བྱས་པ་རེད།

    ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅིང་ཚའེ་ཡིས་ངོ་སྤྲོད་བྱས་དོན། 《བོད་རང་སྐྱོང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལེགས་གཏོང་སྲོལ་ཡིག(འཆར་ཟིན)》གི་བཀྲག་མདངས་འཚེར་ས་གཙོ་བོ་ནི། 《སྲོལ་ཡིག(འཆར་ཟིན)》ནང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《ཚོང་གཉེར་ཁོར་ཡུག་ལེགས་གཏོང་སྲོལ་ཡིག》གཞི་འཛིན་ས་གཙོ་བོར་བྱས་ཏེ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་གདེང་འཇོག་དམིགས་ཚད་མ་ལག་གི་འབྲེལ་ཡོད་ནང་དོན་དག་བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དང་བོད་ཀྱི་ཁྱད་ཆོས་མཚོན་པའི་ཐོག་ནས་ཁྲིམས་སྲོལ་གྱི་དོན་ཚན་ཁག་ཏུ་དོན་འཁྱོལ་བྱས་ཏེ་དོན་ཚན་ཁག་གི་ཁྲིམས་མཐུན་རང་བཞིན་དང་སྲིད་ཇུས་དང་མཐུན་པའི་རང་བཞིན་འགན་ལེན་བྱ་རྒྱུ་རེད། དེས་མ་ཚད《2022ལོའི་ལོ་འཁོར་གྱི་དམངས་གཉེར་ཁེ་ལས་ཁྲི་ཡིས་ཚོང་གཉེར་ཁོར་ཡུག་ལ་དཔྱད་བསྡུར་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་གྲངས་གཞིའི་དབྱེ་ཞིབ་སྙན་ཞུ》དང་ལྗོངས་ནང་ཁུལ་དུ་བརྟག་ཞིབ་བྱས་ཚུལ་ལ་གཞིགས་ནས་རང་ལྗོངས་ཀྱི་ཚོང་གཉེར་ཁོར་ཡུག་ལ་ལྷག་པའི་དཀའ་གནད་དང་འགག་གནད་སོགས་ཀྱི་གནད་དོན་གསེད་བཀྲོལ་བྱས་ཏེ་ལམ་ལུགས་ཀྱི་ཐོག་ནས་བརྡ་ལན་བསློགས་ཏེ་གནད་སྨིན་ཇུས་འདོན་ཐུབ་པར་བྱ་རྒྱུ་རེད། དེ་དང་ཆབས་ཅིག ས་གནས་དེ་གའི་གཙོ་ཆེའི་དྲ་ཚུགས་དང་རང་སྐྱོང་ལྗོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་སོགས་མངོན་གསལ་དོད་སར་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཆེད་མངགས་ཁུལ་བཙུགས་ནས་དངུལ་རྩའི་སྒྲིག་གཞི་ཁག་གིས་དམངས་གཉེར་ཁེ་ལས་དང་། ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས། ཁེར་རྐྱང་བཟོ་ཚོང་དུད་ཚང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་སོགས་བྱེད་པོར་ཡིད་རྟོན་དངུལ་བུན་གཏོང་ཚད་མང་དུ་གཏོང་བར་ལྕག་སྐུལ་དང་ཁྲིད་སྟོན་བྱ་རྒྱུ་རེད། གཞན་ཡང“ཡག་ཤོས་བཞིའི”ཚོང་གཉེར་ཁོར་ཡུག་གཏོད་པའི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་ལྟར《སྲོལ་ཡིག(འཆར་ཟིན)》ནང་སྲིད་དོན་ཞབས་ཞུའི་ལྷུ་ཚིགས་ཉུང་གཏོང་དང་། རྒྱུ་ཆ་ཉུང་གཏོང་། དུས་བཀག་ཐུང་གཏོང་བཅས་བྱས་ནས་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་པའི་ལས་སྒོའི་མཛུབ་ཁྲིད་དང་ཞབས་ཞུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུའི་གཏན་འབེབས་བྱེད་དགོས་པ་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་ལེགས་སུ་གཏོང་དགོས་ལུགས་ཁ་གསལ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།