དབུ་ཤོག>ཁྲིམས་ལུགས།>ཁྲིམས་སྐྱོང་དོ་རྭ།
  • མང་ཚོགས་སེམས་སུ་བཅངས། སྒོ་རྩར་ཞབས་འདེབས་ཞུས།

    མཚོ་སྣ་གྲོང་ཁྱེར་མཁར་ལྟག་ཤང་མཐའ་མཚམས་མངགས་གཏོང་ཁང་གི་ཐེམ་ཐོ་བཟོ་མཁན་མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་ནས་ཐོབ་ཐང་ལག་ཁྱེར་བཟོ་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-26

    འདི་ནི་མཚོ་སྣ་གྲོང་ཁྱེར་མཁར་ལྟག་ཤང་མཐའ་མཚམས་མངགས་གཏོང་ཁང་གི་ཐེམ་ཐོ་བཟོ་མཁན་མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱི་ཁྱིམ་དུ་ཐོབ་ཐང་ལག་ཁྱེར་གྱི་པར་རྒྱག་བཞིན་པ།

    ཉེ་ཆར། མཚོ་སྣ་གྲོང་ཁྱེར་སྤྱི་བདེ་ཅུས་ལ་གནས་སྤོས་མང་ཚོགས་ཀྱི་ཁ་པར་འབྱོར་ནས། ཞ་རིལ་ཡིན་པ་མ་ཟད་ཀླད་པ་ཐང་ཐང་མེད་པའི་བུ་མོར་འཕྲལ་མར་སྨན་བཅོས་བྱེད་དགོས་མོད། འོན་ཀྱང་དེ་སྔའི་ཐོབ་ཐང་ལག་ཁྱེར་བརླག་པས་ནད་ལྟ་བར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སྟབས་སྤྱི་བདེ་ལས་ཁུངས་ཀྱིས་འཕྲལ་མར་རོགས་རམ་བྱ་རྒྱུའི་རེ་བ་བཏོན།

    གནས་ཚུལ་དེ་ཤེས་རྗེས་མཚོ་སྣ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འཕྲལ་དུ་མང་ཚོགས་གནས་སའི་མཁར་ལྟག་ཤང་མཐའ་མཚམས་མངགས་གཏོང་ཁང་དང་སྦྲེལ་མཐུད་བྱས་པ་དང་། མངགས་གཏོང་ཁང་གི་ཐེམ་ཐོ་བཟོ་མཁན་མི་དམངས་ཉེན་རྟོག་པས་འཕྲལ་མར་པར་ཆས་ཁྱེར་ནས་མང་ཚོགས་དེའི་ཁྱིམ་དུ་བུ་མོ་དེར་ཐོབ་ཐང་ལག་ཁྱེར་བཟོ་བའི་པར་རྒྱག་པར་བསྐྱོད་པ་དང་འབྲེལ“སྟབས་བདེའི་བགྲོད་ལམ”བཏོད་དེ་ཐོབ་ཐང་ལག་ཁྱེར་གཉེར་མགྱོགས་སུ་བཏང་བ་རེད། མཐར་ཉིན་ལྔའི་ནང་གསར་དུ་གཉེར་བའི་ཐོབ་ཐང་ལག་ཁྱེར་བུ་མོ་དེར་འབྱོར་བ་རེད།

    མཚོ་སྣ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ང་ཚོས་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་དོན་དུ་སེམས་ཁྲལ་བྱེད་པ་དང་། ཐེམ་ཐོ་བཟོ་སའི་སྐར་ཁུང་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཐག་ཏུ་བརྩི་བ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་གོ་སྐབས་སུ་འཛིན་པ་བཅས་བྱས་ཏེ་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བཟང་སྒྲུབ་པ་བཅས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གཟུགས་བརྙན་བཟང་པོ་གཏོད་པ་བཅས་བྱེད་ཀྱི་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།