རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་གྱིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ།
ཉིན་ཤས་བསྟུད་མར། རྒྱལ་རྩེ་རྫོང་རྒྱལ་རྩེ་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས“འཐབ་ས་དང་པོར་ལས་དོན་སྤེལ་ཐབས”མཐའ་འཁྱོངས་བྱས་ཏེ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།
རྒྱལ་རྩེ་གྲོང་རྡལ་གྱིས་རིམ་པ་ཁག་གི་ཁོར་ཡུག་བཅོས་སྒྲིག་གི་བླང་བྱར་ལྟ་བསྡུར་བྱས་ཤིང་། ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་བཅོས་སྒྲིག་གི་གཙོ་གནད་ལས་འགན་དང་ཟུང་འབྲེལ་གྱིས་ལྟ་སྐུལ་ཞིབ་བཤེར་བྱས་ནས་གནད་དོན་ལ་ལྟ་བ་དང་ས་གནས་ས་ཐོག་ཏུ་སྦྲེལ་མཐུད་བྱས་ནས་དག་ཐེར་ལ་དམ་འཛིན་གྱི་བྱ་ཐབས་སྤྱད་ཅིང་། ཁོངས་གཏོགས་ཁུལ་གྱི་ཏང་ཡོན་དང་བླངས་ཞབས་ཞུའི་རུ་ཁག་དང་། གྲོང་སྡོད་ལས་དོན་རུ་ཁག གྲོང་ཚོའི(གྲོང་ལྷན)ཨུ་ལྷན་གཉིས་ཀྱི་ཚན་ཁག་བཅས་སྒྲིག་འཛུགས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་ཆེ་ཆུང་དང་ཆུ་ཡུར་དུ་དངོས་པོ་གང་བྱུང་དུ་སྤུངས་པ་དང་། གང་བྱུང་དུ་སྔོག་པ་དང་གང་བྱུང་དུ་བསྐྲུན་པ་སོགས་གྲོང་རྡལ་གྱི་རྣམ་པར་ཤུགས་རྐྱེན་བཟོ་བའི་གནད་དོན་ལ་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་ཤེས་བྱ་ཐེངས་16སྒྲོག་འགྲེལ་དང་། ཁུག་ཀྱོག་7ལ་གཙང་སྦྲ། གད་སྙིགས་ཏུན་25གཙང་སེལ། ཟོག་རོ་གང་བྱུང་དུ་བཞག་པའི་ཁུལ་35གཙང་སེལ་བཅས་བྱས་ཤིང་། ཁྱོན་མ་དངུལ་སྒོར་ཁྲི་12.1བཏང་བ་རེད།
གོམ་སྟབས་རྗེས་མར། རྒྱལ་རྩེ་གྲོང་རྡལ་གྱིས་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་དོ་དམ་ནན་པོའི་ལམ་སྲོལ་བཙུགས་ཏེ། ཏང་ཡོན་ལས་བྱེད་པ་དང་སྐྱེ་ཁམས་ལས་གནས་སོགས་ཀྱི་ནུས་པ་གང་ལེགས་བཏོན་ཏེ། ལས་བྱེད་པས་སྣེ་ཁྲིད་པ་དང་མང་ཚོགས་ཀྱིས་མཉམ་དུ་བསྒྲུབས་ནས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་མུ་མཐུད་སྤེལ་བ་བརྒྱུད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག“གནས་སྐབས་མཛེས་པ”ནས“རྒྱུན་མཐུད་མཛེས་པར”འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།