རིན་སྤུངས་རྫོང་སྤྱི་བདེ་ཅུས་ཀྱིས་ཐབས་མང་མཉམ་དུ་སྤྱད་དེ་བདེ་འཇཌ་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབས་པ།
འདི་ལོ་ཚུན་དུ། རིན་སྤུངས་རྫོང་སྤྱི་བདེ་ཅུས་ཀྱིས“བདེ་འཇགས་ཐད”དུས་དང་རྣམ་པ་ཀུན་ཏུ་རིག་པ་ལྕགས་སྐུད་ལྟར་བསྒྲིམས་ནས་མི་རྩ་བར་འཛིན་པ་དང་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་དང་བདེ་འཇགས་ཐོན་སྐྱེད་ཀྱི“དམར་ཐིག”གི་འདུ་ཤེས་བརྟན་པོ་བཙུགས་ཏེ་བྱེད་ཐབས་ནུས་ལྡན་ལ་བརྟེན་ནས་ལས་དོན་ཁག་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱས་པ་རེད།
རིན་སྤུངས་རྫོང་སྤྱི་བདེ་ཅུས་ཀྱིས་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་བཀོད་སྒྲིག་སྐུལ་སྤེལ་ཚོགས་འདུ་ཐེངས་མང་འཚོགས་ནས་འབྲེལ་ཡོད་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་བླང་བྱ་ལྟར་ལས་བགོས་ཞིབ་ཕྲ་དང་། སྡེ་ཚན་ཁག་གི་འགན་འཁྲི་ཁ་གསལ་བཟོ་བ། འགན་འཁྲི་དོན་འཁྱོལ་གྱི་གསལ་ཐོ་བཟོ་བ་བཅས་བྱས་པ་དང་ཆབས་ཅིག “ནན་པོ”གཙོ་བོར་བཟུང་བ་མཐའ་འཁྱོངས་ཀྱིས་རྒྱུན་གཏན་གྱི་ཞིབ་བཤེར་དང་དུས་ངེས་མེད་ཀྱི་འཐེན་བཤེར་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ། ཁོངས་གཏོགས་ཁུལ་གྱི་བྱེད་སྒོ་སྤེལ་ཡུལ་ཆུང་ངུ་དགུ་སོགས་གཙོ་གནད་ཁུལ་ཁོངས་སུ་བསྐྱོད་ནས་བདེ་འཇགས་འགོག་སྲུང་དང་། མེ་ཟོན་སྒྲིག་ཆས་བཀོད་སྒྲིག བདེ་འཇགས་ལམ་ལུགས་དོན་འཁྱོལ། གློག་མིག་བསྒར་བ་སོགས་མི་རྒྱུ་རྩལ་གསུམ་ལ་བརྟེན་ནས་འགོག་ཟོན་གྱི་གནས་ཚུལ་ལ་དམིགས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ཕྱོགས་ཡོངས་ནས་བྱེད་པ་དང་། ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་མངོན་མེད་རྐྱེན་ངན་གྱི་རྩིས་ཐོ་བཟོ་བ། བཅོས་སྒྲིག་བྱེད་ཐབས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དང་མེ་ཟོན་གྱི་མངོན་མེད་རྐྱེན་ངན་སེལ་གང་ཐུབ་བྱས་པ་རེད།