དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • “ཇི་ལྟར་སྐྲག་ནའང་ང་རང་ཕྱིར་བཤོལ་བྱ་མི་རུང”

    བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་གྱི་རིམ་པ་དང་པོའི་མེ་ཟོན་པ་ལི་ཏུའུ་ཡི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-26

    འདི་ནི་ལི་ཏུའུ་ནགས་ཚལ་མེ་སྐྱོན་གྱི་ཡུལ་དངོས་སུ་ཡོད་པ།

    བུ་ཞིག་གི་ངོས་ནས་བརྗོད་ན། དམག་དཔུང་གི་འཚོ་བར་འགོག་ཐབས་མེད་པའི་འགུགས་ཤུགས་ཤིག་ལྡན་ལ། ལི་ཏུའུ་ལ་ཆ་མཚོན་ན་ཡང་དེ་འདྲ་རེད།

    དམག་སྒར་གྱི་འཚོ་བར་ཡིད་སྨོན་ཤོར་བའི་དབང་གིས་2007ལོར་ལོ་16ལ་སླེབས་ཙམ་གྱི་ལི་ཏུའུ་ཡིས་གཟི་བརྗིད་ངང་དམག་དཔུང་ལ་ཞུགས་པ་དང་། ཧུའུ་པེ་ས་ཆ་ནས་གངས་ལྗོངས་ས་མཐོར་ཡོང་ནས་ད་བར་དུ་ལོ་16སོང་། ལོ་ན་16གི་ལང་ཚོའི་དུས་སྐབས་སུ་ན་གཞོན་གཞན་དག་གི་ལག་པར་ཐོགས་པ་ནི་སྨྱུ་གུ་ཡིན་མོད། ལི་ཏུའུ་ཡིས་ལག་ཏུ་བཟུང་བ་ནི་ཆུ་མདའ་རེད། འོན་ཀྱང་གཟུགས་པོ་ཅུང་སྐེམ་རིད་ཡིན་པས། ཁོང་གིས་གཞན་ལས་ལྷག་པའི་འབད་བརྩོན་བྱེད་དགོས་བྱུང་ཞིང་། ནམ་རྒྱུན་གྱི་སྦྱོང་བརྡར་ཙམ་མ་ཟད། ཁོང་གིས་ད་དུང་སྦྱོང་བརྡར་འཕར་མའང་བྱེད་ཀྱི་ཡོད། ཁོང་གིས་ང་རང་ཆུང་དུས་ནས་དམག་མི་བྱེད་འདོད་ཡོད་ལ། དམག་སྒར་དུ་སླེབས་ཕྱིན་དཀའ་སྡུག་གང་ལའང་མི་སྐྲག ལས་དོན་ག་རེ་བསྒྲུབས་ཀྱང་འབྲས་བུ་ཡོད་དགོས་ལ། དམག་མི་བྱེད་ན་དམག་མི་ཡག་པོ་ཞིག་བྱེད་དགོས་ཞེས་བརྗོད། ལོ་ཟླ་འཁོར་མོར་དཀའ་སྡུག་ཆེ་བའི་སྦྱོང་བརྡར་བྱེད་རིང་། ལི་ཏུའུ་རིམ་བཞིན་རང་རྐྱ་འཕེར་བའི་མེ་ཟོན་འཐབ་འཛིང་བ་ཞིག་ཏུ་གྱུར།

    2020ལོའི་ཟླ་4ཚེས་14ཉིན། ཉིང་ཁྲི་གྲོང་ཁྱེར་གྱི་གནས་གཞི་གྲོང་ཚོའི་ནགས་ཚལ་ལ་གློ་བུར་དུ་མེ་སྐྱོན་བྱུང་། ས་བབ་སྨི་3000ལྷག་དང་ཆ་སྙོམས་རི་ངོས་གཟར་ཚད་ཏུའུ་70ཟིན་པའི་ས་ཆར་སྒྲིག་ཆས་སྤྱི་རྒྱ་བཅུ་ཕྲག་ལྷག་ཙམ་ཁུར་ནས་འགྲོ་དགོས་སྟབས། འགལ་རྐྱེན་རེ་རེས་ལི་ཏུའུ་དང་ཁོང་གི་ལས་རོགས་ཚོར་ཚོད་བགམ་བྱེད་ཀྱི་ཡོད་ནའང་། དཀའ་ངལ་དང་ཉེན་ཁའི་མདུན་དུ་ཡན་ལག་རུ་དཔོན་གྱི་ངོས་ནས་ལི་ཏུའུ་ཡིས་རང་འགུལ་ངང་རེ་འདུན་ཞུས་ཏེ་རྐང་ཐང་མར་མེ་སྐྱོན་ཐོན་སར་ཐོག་མར་བསྐྱོད་ནས་མེ་སྐྱོན་སེལ་བའི་ལས་ལ་ཞུགས་ཤིང་། དུ་བ་ལང་ལོང་དུ་འཕྱུར་ནས་བར་སྣང་བསྒྲིབས་པ་དང་ནགས་ཁྲོད་དུ་མེ་ལྕེ་འུར་འུར་འབར་ནའང་། ལི་ཏུའུ་ཡིས་སྒལ་པར་སྦུ་གུ་དང་ཆུ་འཐེན་འཕྲུལ་འཁོར་ཁུར་བ་དང་རུ་མི་ཚོའི་སྣེ་ཁྲིད་དེ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མེ་ཤོར་སར་བསྐྱོད་པ་རེད། མེ་ཆེན་པོ་བསད་རྗེས་མི་ཞིག་གིས་ཁོ་ལ་སྐྲག་མ་བྱུང་ངམ་ཞེས་དྲིས་པ་ན། ཁོང་གིས“ཇི་ལྟར་སྐྲག་ནའང་ང་ཚོ་ཕྱིར་བཤོལ་བྱ་མི་རུང་། རི་གཤམ་དུ་ད་དུང་ང་ཚོའི་རྒྱལ་ཁའི་གཏམ་བཟང་ལ་རེ་སྒུག་བྱེད་པའི་མི་དམངས་མང་ཚོགས་མང་པོ་ཡོད”ཅེས་བཤད།

    ནགས་ཚལ་མེ་ཟོན་དཔུང་ཁག་ཏུ་ཞུགས་ནས་ལོ་16སོང་རྗེས། ད་ཆ་གྲིབ་མ་བཞིན་ལོ་མང་འགྲོཌ་པའི“གྲོགས་པོ་རྙིང་པ”དག་དང་འབྲལ་དགོས་པས། ཁོང་གི་སེམས་སུ་སྐྱོ་གདུང་ཟབ་མོ་ཁེངས་ཤིང་། མཛོད་ཁང་དུ་བསྐྱོད་ནས་ཡར་སྔོན་སྤྱོད་མྱོང་བའི་རོགས་སྐྱོབ་སྒྲིག་ཆས་སྣ་ཚོགས་ལ་ཡང་དང་ཡང་དུ་ལག་པས་བྱིལ་བྱིལ་བྱས། ལི་ཏུའུ་ཡིས“ད་ནི་མགྱོགས་མྱུར་ལོག་གྲབས་ཡོད་པས། དངོས་གནས་ཁ་འབྲལ་མི་ཕོད་པ་ཞིག་རེད”ཅེས་འཆད་ཅིང་། མིག་ཀོང་མཆི་མས་བརླན་ནས་མགོ་བོ་རང་དབང་མེད་པར་གཞོགས་གཞན་ཏུ་གཅུས།

    ལོ་ངོ་16གི་རིང་། མེ་ལྕེ་དྲག་པོའམ་ཡང་ན་རླབས་རྒྱུན་དྲག་པོ་གང་འདྲ་ཡིན་རུང་། ཁོང་གིས་ཕྱིར་བཤོལ་གཏན་ནས་བྱེད་མྱོང་མེད་པར་ཐོག་མཐའ་བར་གསུམ་དུ་འཐབ་ས་དང་པོར་གདོང་མཆོང་བྱས་ཏེ། རང་ཉིད་ཀྱི་ལང་ཚོར་བརྟེན་ནས་ལྷག་བསམ་མཚོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།