དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་བུ་བཅོལ་ཁང་བཞི་པར་དཔའ་བོའི་གྱང་སྐྲུན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2023-12-26

    བོད་དམག་ཁུལ་ཁང་གི་དཔུང་སྡེ་དེའི་ལས་བྱེད་པ་ཡོན་ཝུན་ཐའོ་ཡིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་བུ་བཅོལ་ཁང་བཞི་པའི་དགེ་སློབ་ཚོར་དཔའ་བོའི་གྱང་ངོས་ཀྱི་དཔའ་ངར་ཆེ་བའི་མཛད་རྗེས་ཤོད་བཞིན་པ།

    བོད་དམག་ཁུལ་ཁང་གི་དཔུང་སྡེ་དེའི་དཔོན་དམག་ཚོས་ཁྲེང་ཀོན་ཆུས་ཀྱི་བུ་བཅོལ་ཁང་བཞི་པའི་དགེ་སློབ་ཚོ་དང་མཉམ་དུ་དཔའ་བོའི་གྱང་གི་མདུན་དུ་པར་རྒྱག་བཞིན་པ།

    ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་བུ་བཅོལ་ཁང་བཞི་པར་དཔའ་བོའི་གྱང་སྐྲུན་རོགས་བྱས་པ་མ་ཟད། དར་ཚོན་གཅོད་པའི་མཛད་སྒོ་འཚོགས་ཏེ་སློབ་མ་ཚོར་དཔའ་བོའི་གྱང་ངོས་ཀྱི་དཔའ་བོ་11གི་གཟི་བརྗིད་ལྡན་པའི་གཏམ་རྒྱུད་གསོན་ཉམས་དོད་པོས་བཤད་པ་རེད།

    བོད་དམག་ཁུལ་ཁང་གི་དཔུང་སྡེ་དེའི་ཆབ་སྲིད་ཨུ་ཡོན་སྤེན་པ་ཚེ་རིང་གིས། ད་ཐེངས་དཔའ་བོའི་གྱང་སྐྲུན་རོགས་བྱེད་པ་གོ་སྐབས་སུ་བཟུང་ནས། སློབ་གྲྭ་དང་མཉམ་དུ་འབྱུང་འགྱུར་ལ་ཕྱོགས་ཏེ་མེས་རྒྱལ་ལ་ཤུལ་འཛིན་པ་དེ་བས་མང་བ་གསོ་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཁྲེང་ཀོན་ཆུས་ཀྱི་བུ་བཅོལ་ཁང་བཞི་པའི་ཡོན་ཀྲང་གིས། དཔའ་བོའི་གྱང་བསྐྲུན་པ་ལས་སློབ་མ་ཚོའི་གསར་བརྗེའི་བློ་འབྱེད་སློབ་གསོར་ནུས་པ་བཟང་པོ་ཐོན་ངེས་རེད། གོམ་སྟབས་རྗེས་མར་དམག་སློབ་དབར་གྱི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་བ་དང་། མཉམ་སྐྲུན་རྒྱ་ཁྱབ། གསར་བརྗེའི་ས་བོན་རྒྱུན་འཛིན། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བཅས་བྱས་ཏེ་དུས་རབས་གསར་པའི་གཉིས་བཀུར་གྱི་ལེའུ་གསར་པ་རྩོམ་གྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།