དབུ་ཤོག>ཁྲིམས་ལུགས།
  • ཟངས་རི་ཁྲིམས་ཁང་གིས“བཅའ་ཁྲིམས་དགུ་སྤེལ”གྱི་བྱེད་སྒོར་སྐུལ་འདེད་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-20

    འདི་ལོ་ཚུན་དུ་ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས“ཧྥེང་ཆའོ་ཡི་རྣམ་པའི”རླངས་འཁོར་ཚན་རྩལ་སྐོར་སྐྱོད་ཁྲིམས་ར་གཏོད་པ་དམ་འཛིན་བྱ་གཞི་དང་། “བརྒྱད་ལྔ”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ། “བཅའ་ཁྲིམས་དགུ་སྤེལ”གྱི་བྱེད་སྒོར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། རིམ་པ་མི་འདྲ་བ་དང་། ཁ་གཏད་མི་འདྲ་བ། མི་ཚོགས་མི་འདྲ་བ་བཅས་ཀྱི་བཅའ་ཁྲིམས་ཀྱི་དགོས་མཁོར་དམིགས་པ་དང“ཚལ་ཐོའི་རྣམ་པ”ལ་བརྟེན་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་གསལ་ཐོ་བཟོས་ཏེ། ལས་ཁུངས་དང་། སྡེ་ཁུལ། སློབ་གྲྭ། ཁེ་ལས་སོགས་ཞབས་འདེགས་ཞུ་ཡུལ་གྱིས་དོན་དངོས་ཀྱི་དགོས་མཁོ་གཞིར་བཟུང་། གང་ལ་དེ་འཚམ་གྱི་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ཚལ་ཐོའི་རྣམ་པའི”བཅའ་ཁྲིམས་ཁྱབ་གདལ་བཏང་བ་ནས་བཟུང་། ཟངས་རི་རྫོང་མི་དམངས་ཁྲིམས་ཁང་གིས་བྱེད་ཐབས་མི་འདྲ་བའི་ཁྲིམས་སྐྱོང་དྲིལ་བསྒྲགས་ཐེངས་55བྱས་པར་མང་ཚོགས་མི་ཐེངས་7000ལྷག་ཙམ་ལ་སློབ་གསོ་ཐེབས་པ་དང་། དྲིལ་བསྒྲཌ་ཀྱི་ཡིག་ཆ་1900ལྷག་ཙམ་སྤྲད་པ། བཅའ་ཁྲིམས་སྐོར་ལ་བློ་འདྲི་བྱེད་མཁན་མི་ཐེངས་200ལ་ལན་བརྒྱབ་པ་བཅས་བྱས་པ་དང་། ཟངས་རི་རྫོང་གི་སྲིད་འཛིན་གྲོང་ཚོ་43དང་སློབ་གྲྭ་སོགས་ཚང་མར་བཅའ་ཁྲིམས་ཁྱབ་གདལ་བཏང་ཞིང་། “ཚལ་ཐོའི་རྣམ་པའི”ཁྲིམས་སྐྱོང་དྲིལ་བསྒྲགས་གནད་སྨིན་བྱེད་པའི་བྱེད་སྒོ་སྤེལ་བ་བརྒྱུད། ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ“ཁྲིམས་སྐྱོང་གི་སྟོན་མོ”གཟབ་རྒྱས་བཤམས་པས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཁས་ལེན་དང་དགའ་བསུ་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།