དབུ་ཤོག>ཁྲིམས་ལུགས།>བརྟན་ལྷིང་གསེར་ཕུབ།
  • མེ་གསོད་ནང་སྦྱོང་།

  •     སྤེལ་དུས།  2023-12-19

    ཉེ་ཆར། འཇོ་མདའ་རྫོང་ནགས་ཚལ་མེ་ཟོན་རུ་འབྲིང་གིས་རྫོང་འཕྲལ་སྡོམ་ཅུས་དང་། ནགས་ཚལ་དང་རྩྭ་ཐང་ཅུས། མེ་ཟོན་རུ་ཆེན་བཅས་དང་མཉམ་དུ་ས་གཤིས་ཀྱི་གནོད་འཚེ་དང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སྔོན་འགོག་ནང་སྦྱོང་བྱས་ཏེ་འཕྲལ་སྡོམ་སྔོན་ཇུས་ཀྱི་ཚན་རིག་རང་བཞིན་དང་། དམིགས་བསལ་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལ་ཞིབ་བཤེར་བྱས་ནས། རྫོང་ཡོངས་ཀྱི་ཡོམ་འགོག་གེགས་སེལ་དང་མེ་ཟོན་མེ་གསོད་ཀྱི་ནུས་པ་དང་ཐོལ་བྱུང་དོན་རྐྱེན་སེལ་བའི་ཆུ་ཚད་དང་། མེ་གསོད་དང་མི་ཁ་འགྲེམས་པའི་ནུས་པ། འཕྲལ་སྡོམ་རོགས་སྐྱོབ་དང་། ཛ་དྲག་ངང་ཁ་འགྲེམས་པ། རོགས་སྐྱོབ་བཅས་ཀྱི་རྩལ་ནུས་མཐོ་རུ་བཏང་བ་རེད།

    པར་འདི་གཉིས་ནི་སྦྱོང་བརྡར་བྱ་ཡུལ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།