དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁྱིམ་ཚང་ཁྲི་སྟོང་མང་པོར་དུག་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    གོང་གི་པར་གཉིས་ནི་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་དུག་འགོག་ཤེས་བྱ་དྲིལ་བསྒྲགས་བྱེད་བཞིན་པ།

    ལྷ་ས་གྲོང་ཁྱེར་གྱིས་དུག་འགོག་དྲིལ་བསྒྲགས་སློབ་གསོ་གྲོང་གསེབ་དར་རྒྱས་དང་། དུས་བདེ་འཛུགས་སྐྲུན། གཞི་རིམ་བཅོས་སྐྱོང་བཅས་ཀྱི་ནང་དོན་དུ་བཞག་ནས། དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། ཕྱོགས་ཡོངས་དང་ཕྱོཌ་བསྡུས་ཅན་གྱི་དྲིལ་བསྒྲགས་རྒྱ་ཁྱབ་སྤེལ་བ། དུག་འགོག་དྲིལ་བསྒྲགས་ལ་ཁུག་ཆ་མ་ལུས་པ་བཅས་བྱས་པས། དུག་འགོག་དྲིལ་བསྒྲགས་ཀྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་ཏན་ཏིག་ཕྱིན་ཡོད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དུག་འགོག་ཉིང་ལག་རུ་ཁག་སྡེ་ཁུལ་དང་གྲོང་ཚོ་གྲོང་ལྷན་ཁག་ཏུ་བསྐྱོད་དེ། དུག་འགོག་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། དུག་འགོག་དཔེ་སྟོན་གྲོང་ཁྱེར་འཛུགས་གཏོད་ཀྱི་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།