དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • དིང་རི་རྫོང་ཆུ་སྟེང་ཤང་མཐོང་སྨོན་གྲོང་ཚོའི་ལས་དོན་རུ་ཁག་གིས།

    རྩ་ཁྲིམས་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་པའི་ཉིན་དེར། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ཆུ་སྟེང་ཤང་མཐོང་སྨོན་གྲོང་ཚོའི་ལས་དོན་རུ་ཁག་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་གྲོང་མི་ཡོངས་སྒྲིག་འཛུགས་བྱས་ཏེ། རྩ་ཁྲིམས་ཀྱི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་རྩ་ཁྲིམས་ཁྱབ་གདལ་བཏང་བ་རེད།

    གྲོང་སྡོད་ལས་དོན་རུ་ཁག་གིས་སྒྲོག་འགྲེལ་དཔྱད་ཡིག་གྲ་སྒྲིག་ནན་ཏན་བྱས་ཏེ། ཞིང་འབྲོག་མང་ཚོགས་ཀྱིས་རྩ་ཁྲིམས་ལ་བཅངས་པའི་བརྩེ་བ་དང་མོས་སེམས་ཆེ་རུ་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་རང་རྟོགས་ངང་བརྩི་སྲུང་ཞུ་ཤུགས་ཆེ་རུ་བཏང་སྟེ། གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།

    ད་ཐེངས་ཀྱི་རྩ་ཁྲིམས་ཀྱི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་ལས་གྲོང་མི་ཡོངས་ཀྱིས་རྩ་ཁྲིམས་སྔར་བས་ཤེས་རྟོགས་ཐུབ་པ་མ་ཟད། རྩ་ཁྲིམས་སློབ་སྦྱོང་དང་། རྩ་ཁྲིམས་ཤེས་རྟོགས། རྩ་ཁྲིམས་སྲུང་བ། རྩ་ཁྲིམས་སྤྱོད་པ་བཅས་ཀྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ཤེས་རྟོགས་ཐུབ་ནས། དུས་བདེ་དང་ཞི་མཐུན་གྱི་མཐོང་སྨོན་གྲོང་ཚོ་སྐྲུན་པར་བཅའ་ཁྲིམས་ཀྱི་རྨང་གཞི་བརྟན་པོ་བཏིང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།