དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱིས།

    འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སློབ་གསོ་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    སྒྲོག་འགྲེལ་བས་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་འཁྲིད་བཞིན་པ།

    གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས། ལས་བྱེད་ལས་བཟོའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱིས་ལས་བྱེད་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ནས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སློབ་གསོ་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་ལ་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་འགྲིམ་འགྲུལ་དོ་དམ་ཅུས་ཁྲིམས་ལུགས་དྲིལ་བསྒྲགས་ཁོའོ་ཡི་སྒྲོག་འགྲེལ་བ་གདན་དྲངས་ནས་སློབ་ཁྲིད་བྱས་ཤིང་། གྱོད་དཔེ་དྲངས་ནས་བཅའ་ཁྲིམས་གསལ་འགྲེལ་དང་བཅའ་ཁྲིམས་བཤད་པ་བརྒྱུད། ཚང་མར་འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། རླངས་འཁོར་གཏོང་སྐབས་ཀྱི་གོམས་གཤིས་ངན་པ་མཐའ་གཅིག་ཏུ་གཏན་འགོག་དང་། འགྲིམ་འགྲུལ་བདེ་འཇཌ་ཀྱི་ཤེས་བྱ་སེམས་ལ་འཇགས་པ་དང་ལག་ལེན་ལ་འཁྱོལ་བ་བཅས་བྱས་ཏེ་རླངས་འཁོར་བདེ་འཇགས་ངང་གཟབ་གཟབ་གཏོང་དགོས་པའི་དྲན་སྐུལ་བྱས་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་ལས་ལས་བྱེད་ལས་བཟོས་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་ཤེས་བྱ་དེ་བས་གཏིང་ཟབ་ཤེས་པ་མ་ཟད། འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་ཕྱིན་ནས་འགྲིམ་འགྲུལ་ལས་འཛོལ་སྔོན་འགོག་དང་ཉུང་དུ་འགྲོ་བར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།