དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • བྲག་གཡབ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས།

    “རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི” དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    ཉེ་དུས་བྲག་གཡབ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཤང(གྲོང་རྡལ)ཁག་གི་མངགས་གཏོང་ཁང་དང་མཉམ་དུ། “ཡ་རབས་འགྲིམ་འགྲུལ་གྱི་ལས་དོན་ལ་ཁྱེད་དང་ང་ཡིས་འབད་བརྩོན་བྱེད”པའི་བརྗོད་དོན་གཙོ་བོའི“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི”དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་དགུན་དུས་ཐོན་སླ་བའི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ལས་འཛོལ་ལ་དམིགས་ཏེ། མང་ཚོགས་ལ་དྲིལ་བསྒྲགས་དང་མང་ཚོགས་ཀྱི་དོགས་གཞིར་འགྲེལ་བཤད་བརྒྱབ་པ་དང་འབྲེལ། དགུན་དུས་ཡིད་གཟབ་བྱེད་དགོས་པའི་ནང་དོན་དྲིལ་བསྒྲགས་བྱས་པ་མ་ཟད། གློག་སྒུལ་སྦག་སྦག་གཏོང་དུས་སྦག་ཞྭ་གྱོན་དགོས་པ་དང་། ཆང་རག་བཏུངས་ནས་རླངས་འཁོར་མི་གཏོང་བ། རླངས་འཁོར་མྱུར་ཚད་ལས་བརྒལ་ནས་མི་གཏོང་བ། འགྲིམ་འགྲུལ་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བ་བཅས་བྱས་ནས། བདེ་འཇགས་དང་ཡ་རབས་ངང་འགྲོ་སྐྱོད་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་སྟེགས་བུ་འཛུགས་པ་དང་། འཕྲེད་ཡིག་འགེལ་བ། དྲིལ་བསྒྲགས་དངོས་པོ་སྤྲོད་པ། དྲིལ་བསྒྲཌ་དཔྱད་ཡིག་སྤྲོད་པ། ས་གནས་ས་ཐོག་ཏུ་དོགས་གནད་སེལ་བ་སོགས་བྱེད་ཐབས་སྤྱད་ནས་མི་དམངས་ཉེན་རྟོག་པས་རྒྱ་ཆེའི་ཁ་ལོ་བ་ཚོར“རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཉིན་མོའི”བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་དོན་སྙིང་གལ་ཆེན་སྒྲོག་འགྲེལ་བྱས་པ་དང་འབྲེལ། “ཆང་རག་བཏུངས་ནས་རླངས་འཁོར་མི་གཏོང་བ”དང“སྦག་ཞྭ་གྱོན་པ་དང་སྲོག་ཐག་འཆིང་བ” “ལམ་པ་སྔོན་ལ་གཏོང་བ” “རྒན་རྒོན་དང་ཕྲུ་གུར་དོ་ཁུར་བྱེད་པ”སོགས་དང་ཟུང་འབྲེལ་བྱས་ནས། འགྲོ་འོང་བྱེད་མཁན་མང་ཚོགས་ལ་བདེ་འཇགས་ཤེས་བྱ་འགྲེལ་བཤད་ཧུར་ཐག་བརྒྱབ་པ་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་བཏང་སྟེ། རྒྱ་ཆེའི་ཁ་ལོ་བ་ཚོས“ཡ་རབས་འགྲིམ་འགྲུལ་གྱི་ལས་དོན་ལ་ཁྱེད་དང་ང་ཡིས་འབད་བརྩོན་བྱེད”པར་ཁྲིད་སྟོན་བྱས་པ་རེད།

    ད་ཐེངས་ཀྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོར། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་དྲིལ་བསྒྲགས་དཔྱད་ཡིག་200ལྷག་ཙམ་དང་དྲན་སྐུལ་གཱ་200ལྷག་ཙམ་སྤྲད་པར་མང་ཚོགས་300ལྷག་ཙམ་ལ་ཕན་པ་ཐོབ་པ་མ་ཟད། རྒྱ་ཆེའི་ཁ་ལོ་བ་ཚོས་བདེ་འཇགས་དང་ཡ་རབས་ངང་འཁོར་རིགས་གཏོང་བའི་འདུ་ཤེས་དང་། སྦག་ཞྭ་གྱོན་པ་དང་སྲོག་ཐག་འཆིང་བའི་རང་རྟོགས་རང་བཞིན་ཆེ་རུ་ཕྱིན་ཏེ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་རྒྱུན་མཐུད་དང་བརྟན་པོ་ཡོང་བར་རྨང་གཞི་བརྟན་པོ་ཞིག་བཏིངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།