དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    ཉང་བྲན་ཁྲོམ་གཞུང་རྒྱུད་ཀྱི་ཟ་ཁང་ལ་གློ་བུར་དུ་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    རྒྱ་ཆེའི་གྲོང་མིའི་བཟའ་བཏུང་གི་བདེ་འཇཌ་འགན་ལེན་དང་། བཟའ་བཏུང་བདེ་འཇགས་ཀྱི་ལས་འཛོལ་སྔོན་འགོག་ནུས་ལྡན་བྱེད་པ། བཟའ་བཏུང་ལས་རིགས་ཀྱི་བཟའ་བཅའི་བདེ་འཇགས་སྔར་བས་ཚད་ལྡན་དུ་གཏོང་བ་བཅས་བྱ་ཆེད། ཉེ་དུས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གི་ཕྱོཌ་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་སྤེལ་བཞིན་པ་གོ་སྐབས་སུ་བརྩིས་ནས་ཉང་བྲན་ཁྲོམ་གཞུང་ཁྲོམ་ར་ལྟ་འདོམས་ཁང་དང་ཚེས་གསུམ་ཐང་སྡེ་ཁུལ་དང་མཉམ་དུ། ཉང་བྲན་ཁྲོམ་གཞུང་རྒྱུད་ཀྱི་ཟ་ཁང་ལ་བཟའ་བཅའི་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ་རེད།

    ད་རེས་ཀྱི་གློ་བུར་ཞིབ་བཤེར་ལ། ཞིབ་བཤེར་པས། ཟ་ཁང་ཁག་གི་བཟའ་བཅའི་ཚོང་གཉེར་དང་ཉར་ཚགས་ཀྱི་འབྲེལ་ཡོད་བླང་བྱ་དང་མཐུན་མིན་དང་དེ་བཞིན་འཕྲོད་བསྟེན་གྱི་ཚད་གཞི་ལོན་མིན། དུས་ཚོད་ཡོལ་བ་དང་རུལ་བ་སོགས་ཀྱི་བཟའ་བཅའ་བེད་སྤྱོད་དང་འཚོང་གི་ཡོད་མེད། ཚོང་ཟོག་འཐེན་སའི་ཕྱོགས་ཀྱི་འོས་ཐོབ་ལ་ཞིབ་བཤེར་དང་དཔང་རྟགས་ཉར་ཡོད་མེད། ཟོག་འཐེན་ཟོག་བཙོངས་ཀྱི་རྩིས་ཁྲ་བཟོས་མིན་སོགས་ལ་ཞིབ་བཤེར་གཙོ་བོ་བྱས་པ་དང་དུས་མཚུངས་སུ། ལས་མིའི་བདེ་ཐང་ལག་ཁྱེར་ཆ་ཚང་མིན་དང་གཏན་འབེབས་དང་མཐུན་མིན་ལ་ཞིབ་བཤེར་གཙོ་བོ་བྱས་པ་དང་འབྲེལ། ཞིབ་བཤེར་བྱ་ཡུལ་ཟ་ཁང་ལ་ལས་མིའི་བདེ་ཐང་ལག་ཁྱེར་གྱི་གལ་ཆེན་རང་བཞིན་ནན་བཤད་བྱས་ཤིང་། ལས་མིའི་བདེ་ཐང་ལག་ཁྱེར་གཉེར་སྟངས་ངོ་སྤྲོད་ཞིབ་ཚགས་བྱས་པ་རེད།

    ཞིབ་བཤེར་བྱས་པ་བརྒྱུད་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱི་ལས་དོན་པས་ཟ་ཁང་ཕལ་ཆེ་བའི་གཙང་སྦྲ་ཅུང་ཡག་པོ་ཡོད་ནའང་། ཟ་ཁང་ཁག་གཅིག་གིས་བཟའ་བཅའི་རྒྱུ་ཆའི་སྤ་སེ་ལེན་པའི་ལམ་ལུཌ་དོན་འཁྱོལ་བྱས་མེད་པ་དང་། སྤ་སེ་བླངས་པ་ཚད་ལྡན་མིན་པ་དང་ཆ་ཚང་པོ་མེད་པ། ཐབ་ཚང་ནང་དུ་སྒེར་གྱི་ཅ་དངོས་སྤུངས་པ། ཐབ་ཚང་གི་གློག་སྒྲོན་སྒྲིག་ཆས་ཆ་མི་ཚང་བ། སྣུམ་དྲེག་ཡག་པོ་ཕྱིས་མེད་པ་སོགས་ཀྱི་གནད་དོན་ཡོད་པས། ཉང་བྲན་ཁྲོམ་གཞུང་ཁྲོམ་ར་ལྟ་འདོམས་ཁང་གིས་དེ་དག་ལ་དག་ཐེར་བྱེད་དགོས་པའི་བརྡ་ཐོ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།