དབུ་ཤོག>ཁྲིམས་ལུགས།>ཁྲིམས་དང་སྤྱི་ཚོགས།
  • ལྷུན་གྲུབ་ཉེན་རྟོག་ཕྱོགས་ཀྱིས།

    སྦག་ཁང་ཞིག་མེད་པར་བཟོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    ཉེ་ཆར། ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཀྱིས་སྦག་ཁང་ཞིག་མེད་པར་བཟོས་ཏེ། ཁྲིམས་འགལ་བར་རྡུང་རྡེག་ཚ་ནན་བཏང་བ་དང་སྤྱི་ཚོགས་ཀྱི་སྲོལ་བཟང་ནུས་ལྡན་བསྲུངས་པ་རེད།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཚུན། ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཀྱིས་བདེ་འཇགས་དོ་དམ་གཙོ་བོར་བྱེད་པའི་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། ཆགས་སྲེད་རྒྱན་འགྱེད་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཟབ་ཏུ་བཏང་བ། སྔ་ཙམ་དང་ཆུང་དུས་ནས་རྡུང་རྡེག་བཏང་ནས་ཆགས་སྲེད་རྒྱན་འགྱེད་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ་འགོག་རྒོལ་ཤུགས་ཆེན་བྱས་པ་རེད།

    ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཀྱིས་དུས་འགོའི་ཞིབ་བཤེར་ལས་དོན་སྤེལ་སྐབས། ཇ་ཁང་ཞིག་ཏུ་མི་མང་པོ་འཛོམས་ནས་རྒྱན་བཙུགས་པ་དང་། རྒྱན་མཐོ་པོ་བཙུགས་པ། རྒྱན་འཛུགས་མཁན་མང་པོ་ཡོད་པ་ཤེས་རྟོགས་བྱུང་ཡོད། ལྷུན་གྲུབ་རྫོང་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་དེར་ཚད་མཐོའི་མཐོང་ཆེན་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས། ཉེན་རྟོག་པ་ཧྲག་པོ་སྒྲིག་འཛུགས་བྱས་ཏེ། རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་མི་14བཟུང་བ་དང་། རྒྱན་དངུལ་སྒོར་ཁྲི་2.8དང་། རྒྱན་འགྱེད་ཡོ་བྱད་3 དངུལ་འཛིན་280བཅས་རྩད་ཆོད་པ་རེད།

    བརྟག་དཔྱད་དཔང་ལེན་མུ་མཐུད་བྱས་པ་བརྒྱུད། རྒྱན་འགྱེད་དང་འབྲེལ་བ་ཡོད་པའི་ཉེས་གསོག་དོགས་ཅན་གྱིས། མཱ་ཅང་རྒྱག་སྐབས་སྔོན་ལ་དངུལ་དོད་བརྗེ་བ་དང་དངུལ་སྨར་རྗེས་ལ་རྩིས་བརྒྱབ་ནས་རྒྱན་པོ་འགྱེད་ཀྱི་ཡོད་པའི་ཁྲིམས་འགལ་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། མིག་སྔར་མི་8སྲིད་འཛིན་བཀག་ཉར་བྱས་པ་དང་། མི་14ལ་སྲིད་འཛིན་ཆད་པ་བཅད་པ་མ་ཟད། གྱོད་གཞི་དེར་སྔར་བས་བརྟག་དཔྱད་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།