དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • “ལག་རྟགས་གཱ”ཡི་ཁ་བསླུས་རྒྱག་སྟངས་གསར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    ཉིན་ཤས་གོང་། “ལག་རྟགས་གཱ”ལ་ཁ་གཡར་ནས་ཁ་བསླུས་བརྒྱབ་པའི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་གསར་པ་ཞིག་ཧྥུའུ་ཅན་ཤ་མོན་སྤྱི་བདེ་ལས་ཁུངས་ཀྱིས་རྩད་ཆོད་པ་རེད།

    མི་དམངས་ཉེན་རྟོག་པས་དྲན་སྐུལ་བྱས་དོན། “ལག་རྟགས་གཱ”བླུགས་པའི་མྱུར་སྐྱེལ་དེ་རིགས་འབྱོར་སྐབས། ངེས་པར་དུ་མྱུར་སྐྱེལ་གྱི་ཡོང་ཁུངས་ལ་ཞིབ་བསྡུར་ནན་ཏན་བྱེད་དགོས་པ་ལས་རྒྱུས་མངའ་མེད་པའི་མྱུར་སྐྱེལ་ཐོག་གི་རྩ་གཉིས་ཨང་རྟགས་བཤེར་མི་རུང་ལ། “ཚོང་ཞབས་པས”བཏོན་པའི“བྲིན་རྫུ་བྱས་ཚེ་ཁེ་སྤོགས་སློག་པའམ”ཡང་ན“བྱ་དགའ་ཡོད་པའི་བྱེད་སྒོར་ཞུགས་པ”སོགས་ཀྱི་རེ་བ་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ“གནམ་ནས་ཤ་བག་ལེབ་ཟགས་མི་སྲིད་པ”བློ་ལ་བརྟན་པོར་ངེས་དགོས། གལ་ཏེ་ཁ་བསླུས་རྒྱག་བཟོ་ཡོད་པའི་མྱུར་སྐྱེལ་འབྱོར་སྐབས་འཕྲལ་མར་110ཡི་ཉེན་བརྡའི་ཁ་པར་བརྒྱབ་ནས་སྤྱི་བདེ་ལས་ཁུངས་ལ་ཐེར་འདོན་གོང་ཞུ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།