ལྗང་མདོག་ཉོ་སྐྱེལ་ལ་རྒྱལ་ཁབ་ཀྱི་ཚད་གཞི་ཡོད་པ།
བཟའ་བཅའི་ཁེ་ལས་ཀྱིས་ལྗང་མདོག་ཉོ་སྐྱེལ་ཞབས་ཞུའི་དོ་དམ་བྱེད་སྒོ་སྤེལ་བར་མཛུབ་སྟོན་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་མཐུན་འཕྲོད་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་ཁྱབ་བསྒྲགས་བྱས་ནས་ལག་ལེན་བསྟར་བའི《ལྗང་མདོག་ཉོ་སྐྱེལ་གྱི་དོ་དམ་ཚད་གཞི》ཡི་འོས་སྦྱོར་རང་བཞིན་གྱི་རྒྱལ་ཁབ་ཚད་གཞིའི་ནང་གཏན་འབེབས་ཁ་གསལ་བྱས་དོན། ཉོ་སྐྱེལ་བཟའ་བཅའ་གཉེར་སྐྱོང་ཁེ་ལས་ཀྱིས་ཐུམ་སྒྲིལ་རྒྱུ་ཆའི་རིགས་སྤྱོད་ཚད་ཉུང་དུ་གཏོང་བ་དང་ཆབས་ཅིག ཁོར་ཡུག་སྲུང་སྐྱོང་གི་རྒྱུ་ཆས་ཚབ་བྱས་ཏེ་ཁོར་ཡུག་ལ་སྦགས་བཙོག་གཏོང་ཉུང་དུ་གཏོང་དགོས།