དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པར་སྤྲིངས་པའི་འཕྲིན་ཡིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    “ཁྱེད་ཚོའི་ཅུས་ཀྱིས་ང་ཚོ་བྲག་ཡིབ་ཆུས་ཀྱི་མི་དམངས་ལ་སྤྱོད་ཡོན་གཉིས་ལྡན་དང་ཉིན་མཚན་དབྱེར་མེད་དུ་ཞབས་འདེགས་ཞུ་བའི་ཕུལ་བྱུང་གི་ཉེན་རྟོག་པའི་དཔུང་ཁག་ཅིག་གསོ་སྐྱོང་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན”ཉེ་ཆར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་གཞུང་དོན་ཁང་དུ་ལག་བྲིས་ཀྱི་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་ཞིག་འབྱོར་ཡོད།

    “བློ་མཐུན་ཉེན་རྟོག་པ་ལགས། ང་ལ་མགོ་སྐོར་ཐེབས་བྱུང” ཉིན་དེར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ལ་མཱ་ཆེ་གེ་མོའི་ཉེན་བརྡའི་ཁ་པར་འབྱོར།

    ཤེས་རྟོགས་བྱུང་བར་གཞིགས་ན། ཁོངས་གཏོགས་ཁུལ་གྱི་མང་ཚོགས་མཱ་ཆེ་གེ་མོར་ཟླ་10ཚེས་21ཉིན་ཆ་རྒྱུས་མེད་པའི་ཁ་པར་ཞིག་འབྱོར། ཕར་ཕྱོགས་ཀྱིས་མཱ་ཆེ་གེ་མོས“ཁྲི་བརྒྱའི་འགན་ལེན”ཞེས་པའི་ལས་སྒོ་ཞིག་གཉེར་འདུག གལ་ཏེ་ལས་སྒོ་མཚམས་འཇོག་གི་འགྲོ་ལུགས་དུས་ཐོག་ཏུ་མ་གཉེར་ན་ཟླ་རེར་ལས་སྒོའི་འགྲོ་གྲོན་སྒོར་2000གཅོག་སྲིད་ཅེས་བཤད། མགོ་སྐོར་གཏོང་མཁན་གྱིས་ད་དུང་མཱ་ཆེ་གེ་མོར་གལ་སྲིད་ལས་སྒོ་མཚམས་འཇོག་མ་བྱས་ཚེ་ཟླ་རེར་རང་འགུལ་ངང་གྲོན་དངུལ་འཐེན་རྒྱུ་མ་ཟད། མི་སྒེར་གྱི་ཡིད་རྟོན་ལའང་ཤུགས་རྐྱེན་ཐེབས་སྲིད་ཅེས་འཇིགས་སྐུལ་བྱས།

    མགོ་སྐོར་གཏོང་མཁན་གྱི་འཇིགས་སྐུལ་འོག་མཱ་ཆེ་གེ་མོས་ཕར་ཕྱོགས་དང་QQགྲོགས་པོ་སྒྲིག་པ་མ་ཟད། ད་དུང་QQཐོག་ནས་ཁོ་པའི་ངན་སྐུལ་ལྟར་མཉེན་ཆས་ཤིག་ཕབ་ལེན་བྱས། མཉེན་ཆས་ཕབ་ལེན་བྱེད་མ་ཐུབ་པས། ཁོ་པས་ཡང་QQབརྒྱུད་མཱ་ཆེ་གེ་མོར་ཁ་པར་གྱི་བརྙན་ཤེལ་མཉམ་སྤྱོད་བྱེད་དུ་བཅུག་པ་དང་། དེའི་རིང་ཀྲབ་ལག་བརྩེས་ནས་མཱ་ཆེ་གེ་མོའི་རྩིས་ཁྲ་ནས་བསྡོམས་སྒོར་1099468དངུལ་ཁང་གཱ་གཞན་ལ་བསྒྱུར། མཱ་ཆེ་གེ་མོས་ཤེས་རྟོགས་བྱུང་རྗེས་དེ་མུར་བྲག་ཡིབ་ཆུས་སྤྱི་བདེ་ཅུས་ལ་གྱོད་དོན་སྙན་སེང་ཞུས། གྱོང་གུན་ཆུང་དུ་གཏོང་ཆེད་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པས་དུས་ཚོད་དམ་འཛིན་གྱིས་ལམ་སེང་ཧྲན་ཏུང་དང་། ལེའོ་ཉིང་། ཅི་ལིན། ཧེ་ལུང་ཅང་། ཤིན་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་15རུ་རྩད་གཅོད་པར་བསྐྱོད་ཡོད། མིག་སྔའི་བར་མཱ་ཆེ་གེ་མོའི་གྱོང་གུན་སྒོར་ཁྲི་30ལྷག་ཙམ་ལྷོགས་་ཡོད་པ་རེད།

    མགོ་སྐོར་ཐེབས་པའི་མ་དངུལ་ལག་ཏུ་རག་སྐབས། མཱ་ཆེ་གེ་མོ་སེམས་འགུལ་ཚད་མེད་ཐེབས་ནས་ཐུགས་རྗེ་ལེགས་འབུལ་གྱི་བསམ་པ་མཚོན་ཆེད་འཕྲིན་ཡིག་ཅིག་བྲིས་ནས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་མི་དམངས་ཉེན་རྟོག་པར་ཕུལ་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།