དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས།

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐེབས་མཁན་མང་ཚོགས་ལ་དངུལ་སློག་པའི་མཛད་སྒོ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    ཉེ་ཆར། སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཐེབས་མཁན་མང་ཚོགས་ལ་དངུལ་སློག་པའི་མཛད་སྒོ་གཉེར་བ་དང་། ཁ་བསླུས་ཐེབས་མཁན་མང་ཚོགས་3ལ་ཁ་བསླུས་ཐེབས་པའི་དངུལ་སྒོར་223750རག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བྱ་སྤྱོད་ཀྱི་ཆེད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་ལྗོངས་ཕྱིའི་ཞིང་ཆེན་11དང་གྲོང་ཁྱེར་30ལྷག་ཙམ་དུ་བསྐྱོད་པ་དང་། ལམ་ཐག་སྤྱི་ལེ་ཁྲི་3ལྷག་ཙམ་ཟིན་པ། དཀའ་ངལ་སྣ་ཚོགས་ཁྱད་བསད་བྱེད་པ། ལས་ཀ་འབོར་ཆེན་སྒྲུབ་པ་བཅས་བརྒྱུད་གློག་འཕྲིན་གྱི་ཁ་བསླུས་རྒྱག་པའི་གྱོད་གཞི་3རྩད་ཆོད་ཐུབ་པ་དང་ཉེས་གསོག་དོགས་ཅན་5བཟུང་སྟེ་གནོད་འཚེ་ཕོག་མཁན་མང་ཚོགས་ཀྱི་དངུལ་སྒོར་223750འདེད་ལེན་ཐུབ་ཡོད།

    སྨན་གླིང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས། མི་དམངས་ལྟེ་བར་འཛིན་པ་དང་། “སྤུ་གྲི་—2023”གྱི་བྱ་སྤྱོད་ཁྲིད་སྟོན་དུ་མཐའ་འཁྱོངས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་པ་གསོག་སྟངས་གསར་པར་དོགས་ཟོན་ནན་པོ་དང་རྡུང་རྡེག་ཚ་ནན་གཏོང་བ། དུས་རབས་གསར་པའི་ལས་འགན་དང་འགན་འཁྲི་ལྷག་བསམ་རྣམ་དག་ངང་སྒྲུབ་པ་བཅས་བྱས་ཏེ། དུས་རབས་གསར་པའི་སྨན་གླིང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།