དབུ་ཤོག>ཁྲིམས་ལུགས།>གྱོད་དཔེ་སྣང་གསལ།
  • ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཉེས་དོན་མྱུལ་ཞིབ་ཀྱིས།

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཁག་22བསྟུད་མར་རྩད་ཆོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་། གང་ཐུབ་ཅི་ཐུབ་ཀྱིས་མི་དམངས་མང་ཚོགས་ལ་གྱོང་གུན་མི་ཕོག་པ་བྱེད་པ། མི་དམངས་མང་ཚོགས་ཀྱི་དཔལ་འབྱོར་ལ་སྲུང་སྐྱོང་བཅས་བྱ་ཆེད། ཉེ་དུས། བྲག་ཡིབ་ཆུས་སྤྱི་བདེ་ཅུས་མྱུལ་ཞིབ་རུ་ཆེན་གྱིས་གྱོད་གཞི་རྩད་ཆོད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། སྔ་རྗེས་སུ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་ཁག་22(སྒོར་ཁྲི་བརྒྱ་ཡན་གྱི་གྱོད་གཞི་གཅིག་ཚུད་པ)རྩད་ཆོད་ནས་གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་26བཟུང་བ་དང་། མང་ཚོགས་ཀྱི་དངུལ་སྒོར་ཁྲི་59འདེད་ལེན་ཐུབ་པ། ཉེས་གསོག་ཚོགས་པ་1མེད་པར་བཟོས་པས། གྱོད་གཞི་རྩད་གཅོད་དང་། རྡུང་རྡེག་གཏོང་བ། མ་དངུལ་འདེད་ལེན་བཅས་ཀྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་པ་དང་གོང་རིམ་སྡེ་ཚན་དང་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་དང་ཁས་ལེན་གང་ལེགས་ཐོབ་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཀྱི་གྱོད་གཞི་རྩད་ཆོད་དཀའ་བ་དང་མ་དངུལ་འདེད་ལེན་དཀའ་བའི་གནད་དོན་ལ་ཁ་གཏད་གཅོག་ཆེད། བྲག་ཡིབ་ཆུས་སྤྱི་བདེ་ཅུས་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སྔོན་འགོག་དང་རྡུང་རྡེག་གཏོང་བའི་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་པ་མ་ཟད། དུས་ཐོག་ཏུ་ལས་འགན་བཀོད་སྒྲིག་བྱས་པ་དང་། ཉེས་དོན་མྱུལ་ཞིབ་རུ་ཆེན་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱིས་ཁོངས་གཏོགས་ཁུལ་གྱི་གློག་འཕྲིན་གྱོད་གཞིར་ཞིབ་འཇུག་བརྡར་གཅོད་བྱ་རྒྱུ་གཞི་འཛིན་སར་བྱས་ནས། ཁུངས་སྣེ་ཡོད་པ་དང་འཛིན་བཟུང་གི་ཆ་རྐྱེན་འཛོམས་པའི་གྱོད་གཞིར་ཇུས་གཞི་བཟོས་པ་དང་། ཆེད་དོན་ཚན་ཁག་བཙུགས་པ། རང་འགུལ་ངང་ཕར་རྒོལ་བྱས་པ་རེད། འགག་སྒྲོལ་ཆེད་དོན་ཚན་ཁག་ཚོགས་ཆུང་ལྔ་ལ་དབྱེ་ནས་ཤིན་ཅང་དང་། ཧྲན་ཏུང་། ཅང་ཤིས། ཅི་ལིན། ཨན་ཧུའེ། ཀན་སུའུ་སོགས་ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་20ལྷག་ཙམ་ལ་བསྐྱོད་དེ་མྱུལ་ཞིབ་དང་། འཛིན་བཟུང་། དཔང་རྟགས་ལེན་པ། མ་དངུལ་འདེད་ལེན་སོགས་བྱས་པ་རེད།

    རྡུང་རྡེག་གཏོང་བའི་ལས་དོན་སྤེལ་རིང་། ཆེད་དོན་ཚན་ཁག་གི་མི་དམངས་ཉེན་རྟོག་པས་ས་ཆུ་མི་འཕྲོད་པ་དང་། ལམ་ཐག་རིང་བ། ལས་ཡུན་རིང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ། ལས་བགོས་བརྒྱབ་ནས་མཐུན་སྦྱོར་བྱེད་པ་དང་གཞོགས་འདེགས་དམ་ཟབ་བྱས་པ་མ་ཟད། ཉེས་གསོག་དོགས་ཅན་བཟུང་བ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཡང་བྱས་པས། གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག་གཏོང་བའི་ལས་དོན་ལ་ཕན་འབྲས་དངོས་ཐོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།