དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས།

    གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་དོ་དམ་ལས་དོན་གྱི་ཆེད་དོན་བློ་འདྲིའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    ཉེ་དུས་མལ་གྲོ་གུང་དཀར་རྫོང་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་དྲུག་པས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དོ་དམ་ལས་དོན་གྱི་ཆེད་དོན་བློ་འདྲིའི་ཚོགས་འདུ་འཚོགས་པ་རེད།

    ད་ཐེངས་ཀྱི་ཆེད་དོན་བློ་འདྲིའི་ཚོགས་འདུའི་ཐོག“དྲི་བར་ལན་རྒྱག་པའི”བྱེད་ཐབས་སྤྱད་པ་དང་། རྫོང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་ཁོངས་མི་7གྱིས་ཨར་སྐྲུན་གད་སྙིགས་བསྡུ་རུབ་གཙང་སེལ་དང་། རྫོང་གྲོང་གི་ཆུ་དོན་དོ་དམ་སོགས་ཞིབ་ཕྲའི་གནད་དོན་9ལ་བློ་འདྲི་བྱས་ཡོད། རྫོང་གྲོང་དོ་དམ་ཅུས་དང་། སྡོད་ཁང་འཛུགས་སྐྲུན་ཅུས། རང་བྱུང་ཐོན་ཁུངས་ཅུས། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། དམངས་སྲིད་ཅུས། རྫོང་གློག་འཕྲིན་ཀུང་སི་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ས་གནས་ས་ཐོག་ཏུ་ལན་བརྒྱབ་པ་རེད། བློ་འདྲིའི་ཚོགས་འདུ་བརྗོད་དོན་གཙོ་བོར་དམིགས་པ་དང་། གཙོ་གནད་མངོན་གསལ་དོད་པ། དོ་གནད་ལ་དམིགས་པ། ཐད་ཀའི་གནད་དོན་ལ་ལན་རྒྱག་པ། དོན་དངོས་དང་མཐུན་པ། དངོས་ཐོག་བདེན་འཚོལ་བཅས་ཡིན་པས། མཉམ་འགུལ་ནུས་ལྡན་གྱིས་ལས་སྒྲུབ་ལ་ལྟ་སྐུལ་བྱེད་པ་དང་། གནད་དོན་ཐག་གཅོད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམིགས་ཡུལ་འགྲུབ་ཡོད་པ་རེད།

    ཚོགས་འདུར་ནན་བཤད་བྱས་དོན། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དོ་དམ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་ལྷག་པར་དུ་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་ཡང་འབྲེལ་བ་དམ་ཟབ་ཡོད་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་དོ་ཁུར་བྱེད་པའི་གཙོ་གནད་ལས་དོན་ཞིག་རེད་ལ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་དོ་ཁུར་བྱེད་པའི་གླེང་མང་བའི་གནད་དོན་ཞིག་ཀྱང་རེད། རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་འཛུགས་སྐྲུན་དོ་དམ་ལས་དོན་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་སྔར་བས་ཟབ་ཏུ་བཏང་ནས། གནད་དོན་ཕྱོགས་སྟོན་དང་། དམིགས་ཚད་ཕྱོགས་སྟོན། འགན་འཁྲི་ཕྱོགས་སྟོན་བཅས་སུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བརྒྱབ་ནས། ལས་དོན་ཁག་ཡག་པོ་སྒྲུབ་དགོས། ད་ཐེངས་ཀྱི་ཆེད་དོན་བློ་འདྲི་གོ་སྐབས་སུ་བྱས་ནས། སྣང་ཚུལ་དང་མི་འདང་ས་ཧུར་ཐག་སེལ་བ་དང་། སྡེ་ཚན་དབར་གྱི་མཐུན་སྦྱོར་སྤེལ་རེས་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དོ་དམ་གྱི་ཆུ་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མལ་གྲོ་གུང་དཀར་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།