དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • རྒྱལ་རྩེ་རྫོང་གིས།

    འབྲུ་རིགས་བདེ་འཇགས་ཀྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    འབྲུ་རིགས་ཀྱི་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དོན་ཆེན་རེད། ཉིན་ཤས་གོང་། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་རྒྱལ་ཡོངས་འབྲུ་རིགས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར་གྱི“ཟས་རིགས་ཀྱི་ཐོན་ཁུངས་རྒྱ་ཆེར་གཏོང་བའི་ལྟ་བ་ལག་ལེན་བསྟར་ནས། འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་བྱེད”པའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ཚན་རིག་དང་མཐུན་པའི་འབྲུ་གསོག་ཤེས་བྱ་ཁྱབ་གདལ་བཏང་བ་དང་སྦྲགས། སྲོལ་རྒྱུན་གྱི་འབྲུ་རིགས་བདེ་འཇགས་ནས་བཟའ་བཅའི་བདེ་འཇགས་ལ་འགྱུར་བར་སྐུལ་འདེད་བཏང་སྟེ། འབྲུ་རིགས་བདེ་འཇགས་ཀྱི་ཉེན་ཁ་འགོག་ཟོན་སོགས་ཀྱི་ནུས་པ་ཆེ་རུ་བཏང་བ་རེད།

    བྱེད་སྒོ་སྤེལ་རིང་། རྒྱལ་རྩེ་རྫོང་འབྲུ་རིགས་བདེ་འཇགས་ཀྱི་ཁོངས་མིའི་ཚན་པ་ཁག་གིས་དངོས་ཟོག་འགྲེམས་སྟོན་དང་། འཕྲེད་འགེལ་སྦྱར་ཡིག་འགེལ་བ། དྲིལ་བསྒྲགས་ལག་དེབ་དང་ཁོར་ཡུག་སྲུང་སྐྱོང་གི་ལྟོ་ཕད་སྤྲོད་པ་སོགས་བརྒྱུད་རྒྱ་ཆེའི་མང་ཚོགས་ལ་འབྲུ་རིགས་བདེ་འཇགས་དང་། ཚན་རིག་དང་མཐུན་པའི་བཟའ་བཅའ། འདེབས་འཛུགས་ལག་རྩལ་བཅས་སྐོར་གྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་། དེ་དང་ཆབས་ཅིག རྫོང་དེ་ཡོངས་ཀྱི་ཤང་དང་གྲོང་རྡལ་དང་གྲོང་ཚོ་གྲོང་ལྷན་ཁག་གིས་ཀྱང་འབྲེལ་ཡོད་ནང་དོན་དུས་མཉམ་དུ་དྲིལ་བསྒྲགས་བྱས་པ་རེད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཐེངས་འདིའི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོར་ཚན་རིག་དང་མཐུན་པའི་བཟའ་བཅའ་དང་འབྲུ་སྣུམ་བདེ་ཐང་སྐོར་གྱི་ཤེས་བྱ་སོགས་དྲིལ་བསྒྲགས་དཔྱད་གཞི་ཁྱོན་4000ལྷག་ཙམ་སྤྲད་པ་དང་མང་ཚོགས་མི་ཐེངས་2300ལྷག་ཙམ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།