དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ཟངས་རི་རྫོང་ཟངས་རི་གྲོང་རྡལ་ལྷ་ལུང་གྲོང་ཚོས།

    “སྒྲིག་འགལ་གཉིས”བཅོས་སྒྲིག་གི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-19

    ཉེ་ཆར། ཟངས་རི་རྫོང་ཟངས་རི་གྲོང་རྡལ་ལྷག་ལུང་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླངས་པས་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་དང་བློ་སེམས་གཅིག་སྒྲིལ་གྱིས“སྒྲིག་འགལ་གཉིས”བཅོས་སྒྲིག་གི་ལས་དོན་སྤེལ་ནས་གྲོང་ཚོ་དེའི་སྒྲིག་འགལ་ངང་བསྐྲུན་པའི་རླངས་འཁོར་འཇོག་ས་དང་ཚོང་ཁང་བཤིགས་པ་རེད།

    ཤེས་རྟོཌ་བྱུང་བར་གཞིགས་ན། སྒྲིག་འགལ་ངང་བསྐྲུན་པའི་རླངས་འཁོར་འཇོག་ས་དང་ཚོང་ཁང་སོགས་ཚང་མ་ལྕགས་ལེབ་སྲབ་མོས་བསྐྲུན་པ་ཞིག་ཡིན་པས་ཨར་པོའི་བདེ་འཇགས་ནུས་པ་ཧ་ཅང་ཞན་པ་མ་ཟད། བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ངེས་ཅན་ཞིག་ཀྱང་གནས་ཡོད་ལ། ལྷ་ལུང་གྲོང་ཚོའི་བཀོད་པར་ཡང་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད་པ་རེད།

    སྒྲིག་འགལ་ཁང་པ་བཤིག་པའི་ལས་དོན་སྤེལ་སྐབས། སྒྲིག་འགལ་ངང་སྐྲུན་མཁན་མང་ཚོགས་ཚོའི་མི་འདོད་པོའི་རྣམ་འགྱུར་ལ་དམིགས་ནས། ལྷ་ལུང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་དེ་བཞིན་ཏང་ཡོན་ལས་བྱེད་པས་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་དང་གནས་ལུགས་གསལ་བཤད་བྱས་པ་དང་འབྲེལ་གྱོད་དཔེར་བརྟེན་ནས་ཁྲིམས་ལ་འགྲེལ་བཤད་བརྒྱབ་ནས་སྒྲིག་འགལ་ཁང་པ་བཤིག་པའི་དོན་སྙིང་ལ་འགྲེལ་བཤད་བརྒྱབ་ཡོད། མཐར་སྒྲིག་འགལ་ངང་སྐྲུན་མཁན་མང་ཚོགས་ཚོས་སྒྲིག་འགལ་ཁང་པ་བཤིག་པའི་ལས་དོན་ལ་གཞོགས་འདེགས་ཧུར་ཐག་བྱས་པ་རེད། ལས་དོན་དེར་ཞུགས་མཁན་གྱིས་ཞོགས་པ་གཅིག་འབད་བརྩོན་བྱས་པ་བརྒྱུད་ཁྱོན་ས་ཆ་སྨི་ངོས་གྲུ་200བཟུང་བའི་སྒྲིག་འགལ་ཁང་པ་རྦད་དེ་བཤིགས་ཟིན་ནས་གྲོང་ཚོའི་འགྲོ་ལམ་དེ་བས་རྒྱ་ཆེ་རུ་ཕྱིན་ཡོད།

    ལྷ་ལུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱམས་པ་ཡིས“སྒྲིག་འགལ་གཉིས”ཀྱི་འཛུགས་སྐྲུན་བྱེད་སྤྱོད་ཀྱིས་གྲོང་ཚོའི་ཁོར་ཡུག་བཙོག་པ་དང་ཟང་ཟིང་བཟོས་པ་མ་ཟད། ད་དུང་ཁྱིམ་མཚེས་དབར་གྱི་རྩོད་གཞི་དང་སྤྱི་པའི་བདེ་འཇགས་སོགས་ཀྱི་གནད་དོན་མང་པོ་ཐོན་ནས། གྲོང་ཚོའི་འཆར་འགོད་ཀྱི་འཐུས་ཚང་གི་རང་བཞིན་དང་གཅིག་གྱུར་གྱི་རང་བཞིན་ལ་གཏོར་བཤིག་ཚབས་ཆེན་བཟོས་པ་དང་། ལྷ་ལུང་གྲོང་ཚོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལའང་ཤུགས་རྐྱེན་ཐེབས་ཀྱི་ཡོད། གོམ་སྟབས་རྗེས་མར“སྒྲིག་འགལ་གཉིས”བཅོས་སྒྲིག་གི་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས“སྒྲིག་འགལ་གཉིས”གཙང་སེལ་བྱས་མེད་པའི་མང་ཚོགས་ལ་སྒྲིག་འགལ་ཁང་པ་གང་མགྱོགས་བཤིག་པའི་ཁྲིད་སྟོན་ཧུར་ཐག་བྱས་ཏེ། མཉམ་དུ་མཛེས་སྡུག་ལྡན་ལ་གཙང་སྦྲ་དོད་པའི་ལྷ་ལུང་གྲོང་གསར་གཏོད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།