དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱི“མི་དམངས་ཀྱི་ཉེན་རྟོག་པ་ཡག་ཤོས”དཔྱད་འདེམས་ཀྱི་བྱེད་སྒོ་སྐབས་གསུམ་པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    གསར་འགོད་པར་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི“མི་དམངས་ཀྱི་ཉེན་རྟོག་པ་ཡག་ཤོས”དཔྱད་འདེམས་ཀྱི་བྱེད་སྒོ་སྐབས་གསུམ་པ་ཟླ་12ཚེས་4ཉིན་ནས་སྤེལ་འགོ་ཚུགས་པ་དང་། བྱེད་སྒོ་དེ་2024ལོའི་ཟླ་དང་པོའི་ཟླ་མཇུག་བར་སྤེལ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི“མི་དམངས་ཀྱི་ཉེན་རྟོག་པ་ཡག་ཤོས”དཔྱད་འདེམས་ཀྱི་བྱེད་སྒོ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དང་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུས་མཉམ་དུ་གཙོ་བོར་གཉེར་བ་དང་། 2014ལོ་ནས་ལོ་4རེར་ཐེངས་རེ་སྤེལ་གྱི་ཡོད། ད་ཐེངས་ཀྱི་དཔྱད་འདེམས་བྱེད་སྒོར་ལྷ་ས་གྲོང་ཁྱེར་གྱིས་དུས་རབས་གསར་པས་སྤྱི་བདེ་ལས་ཁུངས་ལ་བཏོན་པའི་བླང་བྱ་གསར་པ་དང་ཟུང་འབྲེལ་བྱས་ཏེ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་རྩ་དོན་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་། རྨང་གཞི་བརྟན་གཏོང་། དྲང་གཞག་དྲང་བདེན་བཅས་ཀྱི་རྩ་དོན་མཐའ་འཁྱོངས། དམངས་གཙོའི་དཔྱད་བསྡུར་དང་། མང་ཚོགས་ཀུན་གྱིས་ཁས་ལེན་པ། བཟང་ཁྲོད་ལེགས་འདེམས་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས་རྩ་འཛུགས་ཀྱིས་འོས་སྦྱོར་དང་། ས་ཡུལ་དངོས་སུ་འཚོལ་བ། མང་ཚོགས་ཀྱིས་འོས་སྦྱོར་བཅས་ཀྱི་བྱེད་ཐབས་གསུམ་ལ་བརྟེན་ནས་སྤེལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།