དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས་བཙོག་དངུལ་འདེད་ནས་གྱོང་གུན་སྒོར་ཁྲི་5.2མི་ཕོག་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    ཉེ་ཆར། བྲག་གཡབ་རྫོང་སྤྱི་བདེ་ཅུས་ཀྱིས“དུས་བདེ་སྲུང་སྐྱོང་། དགུན་དུས་སྐོར་སྲུང”གི་ཆེད་དོན་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱེད་པ་དང་། ཆབ་མདོ་གྲོང་ཁྱེར་དང་བྲག་གཡབ་རྫོང་གི་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་གཏོང་བའི་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་བཀོད་སྒྲིག་བླང་བྱར་གཞིགས་པ། གྲོང་ཁྱེར་དང་ཅུས་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་མཛུབ་ཁྲིད་ཞིབ་ཚགས་བཅས་ཀྱི་འོག འདི་ལོ་ཁོངས་གཏོགས་ཁུལ་དུ་ཐོན་པའི་གློག་འཕྲིན་ཁ་བསླུས་ཀྱི་གྱོད་གཞིར་དབྱེ་ཞིབ་དང་བརྡར་ཤ་གཏིང་ཟབ་བཅད་དེ་རང་འགུལ་ངང་རྡུང་རྡེག་བཏང་བས་ཁྲིམས་འགལ་ཉེས་གསོག་དོགས་ཅན་3བཟུང་པ་དང་བཙོག་དངུལ་འདེད་ནས་གྱོང་གུན་སྒོར་ཁྲི་5.2མི་ཕོག་པར་བྱས་པ་རེད།

    2023ལོའི་ཟླ་10ཚེས་13ཉིན་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཁོངས་གཏོགས་ཁུལ་གྱི་ལས་མིའི་གྱོད་དོན་སྙན་སེང་འབྱོར་ཞིང་། ལས་མི་དེས་སྒོར་90500ཁ་བསླུས་ཐེབས་སོང་བས་ཉེན་རྟོག་པ་མངགས་ནས་བརྟག་དཔྱད་གནང་རོགས་ཞེས་ཞུས། ཁ་བསླུས་ལ་ངོ་རྒོལ་གྱི་མི་དམངས་ཉེན་རྟོག་པས་དབྱེ་ཞིབ་དང་བརྡར་ཤ་བཅད་པ་བརྒྱུད། གྱོད་འབྲེལ་བ་ཧོ་ཆེ་གེ་མོས་ཨན་ཧུའེ་ནས་བརྩམས་པ་གཏན་འཁེལ་བྱུང་ཡོད། 2023ལོའི་ཟླ་11ཚེས་15ཉིན་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་འོག ཨན་ཧུའེ་ཞིང་ཆེན་ནས་ཧོ་ཆེ་གེ་མོ་བདེ་བླག་ངང་བཟུང་པ་རེད།

    2023ལོའི་ཟླ་8ཚེས་30ཉིན་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཁོངས་གཏོགས་ཁུལ་གྱི་ལས་མིའི་གྱོད་དོན་སྙན་སེང་འབྱོར་ཞིང་། ལས་མིས་དྲ་ཐོག་ནས་དངུལ་བུན་གཡར་སྐབས་སྒོར་113000ཁ་བསླུས་ཐེབས་སོང་ཞེས་ཞུས། མི་དམངས་ཉེན་རྟོག་པས་འདྲི་རྩད་དང་དབྱེ་ཞིབ་བྱས་པ་བརྒྱུད། གྱོད་འབྲེལ་བ་ཅེ་ཆེ་གེ་མོས་ཀོང་ཏུང་ཞིང་ཆེན་ནས་བརྩམས་པ་གཏན་འཁེལ་བྱུང་ཡོད། ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག་2023ལོའི་ཟླ་11ཚེས་18ཉིན་ཁོ་པ་བདེ་བླག་ངང་བཟུང་པ་རེད།

    2023ལོའི་ཟླ་6ཚེས་22ཉིན་བྲག་གཡབ་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་གྱོད་དོན་སྙན་སེང་འབྱོར། མི་དེས་སྒོར་ཁྲི་42ཁ་བསླུས་ཐེབས་སོང་བས་ཉེན་རྟོག་པ་མངགས་ནས་བརྟག་དཔྱད་གནང་རོགས་ཞེས་ཞུས། ཆེད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པས་གྱོད་འབྲེལ་རྩིས་ཁྲ་དང་མ་དངུལ་འགྲོ་རྒྱུག་ལ་སྔར་བས་དབྱེ་ཞིབ་དང་བརྡར་ཤ་བཅད་པ་བརྒྱུད། གྱོད་འབྲེལ་བ་ཀྲའོ་ཆེ་གེ་མོས་ཀུའེ་ཀྲོའུ་ཞིང་ཆེན་ནས་བརྩམས་པ་གཏན་འཁེལ་བྱུང་ཡོད། ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག་2023ལོའི་ཟླ་11ཚེས་17ཉིན་ཁོ་པ་བདེ་བླག་ངང་བཟུང་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།