དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • གསེར་རྙེད་ཆུས་སྤྱི་བདེ་ཅུས་ཀྱིས་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་7མི་ཕོག་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    ཉེ་ཆར། གསེར་རྙེད་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་རྐུ་མ་བརྐུས་པའི་གྱོད་གཞི་1རྩད་ཆོད་པ་དང་། ཞོར་ལ་ཁ་བསླུས་ཀྱི་གྱོད་གཞི་1རྩད་ཆོད་ནས་ཉེས་གསོག་དོགས་ཅན་1བཟུང་སྟེ། མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་70000མི་ཕོག་པར་བྱས་པ་རེད།

    ཟླ་11ཚེས་22ཉིན་གྱི་ཆུ་ཚོད་20དང་སྐར་མ་45ཙམ་ལ། གསེར་རྙེད་ཆུས་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་ཀྲེ་ཅང་ལམ་མངགས་གཏོང་ཁང་གིས་རྩིས་སྤྲད། གནོད་འཚེ་ཕོག་མཁན་སྐྱིད་ཆེ་གེ་མོས་ཉིན་དེར་དངུལ་ཁང་ཞིག་ནས་དངུལ་ལེན་སྐབས། སོ་སོ་རང་ཉིད་ཀྱིས་ATMའཕྲུལ་འཁོར་བཀོལ་སྤྱོད་མ་ཤེས་སྟབས། འགྲམ་གྱི་རྒྱུས་མངའ་མེད་པའི་བུ་མོ་ཞིག་ལ་དངུལ་འདོན་རོགས་ཞུས་པ་མ་ཟད། དངུལ་ཁང་གཱ་རང་གི་སྐད་འཕྲིན་དང་ཕན་ཚུན་སྦྲེལ་རོགས་ཞུས། འདི་དག་ཚར་རྗེས། སྐྱིད་ཆེ་གེ་མོ་བློ་བདེ་པོ་རང་མ་བྱུང་བར་དངུལ་ཁང་གི་སྐར་ཁུང་དུ་སོང་ནས་གཱ་ནང་གི་ལྷག་དངུལ་འདྲི་རྩད་བྱེད་སྐབས། ཏག་ཏག་སྒོར་60000ཉུང་དུ་སོང་བ་ཤེས་ནས་འཕྲལ་མར་ཀྲེ་ཅང་ལམ་མངགས་གཏོང་ཁང་ལ་སྙན་སེང་ཞུས།

    གྱོད་དོན་སྙན་སེང་འབྱོར་རྗེས། ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་འཕྲལ་མར་ཉེན་རྟོག་པ་ཧྲག་སྒྲུག་བརྒྱབ་ནས་མྱུལ་ཞིབ་བྱས་ཤིང་། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་དེ་མུར་གྱོད་གཞི་ཐོན་ཡུལ་གྱི་བརྙན་ལམ་ལ་བལྟས་པས། ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོ་ཡིན་པ་མགྱོགས་པོ་གཏན་འཁེལ་བྱུང་བ་རེད།

    བརྟག་དཔྱད་བྱས་པ་བརྒྱུད། སྐྱིད་ཆེ་གེ་མོར་ཉེས་གསོག་དོགས་ཅན་

    བསོད་ཆེ་གེ་མོས་དངུལ་སྨར་ལེན་རོགས་བྱས་རྗེས། དངུལ་ཁང་གཱ་སྡོམ་པར་ཁ་གཡར་ནས་སྐྱིད་ཆེ་གེ་མོ་ཇ་ཁང་ཞིག་ཏུ་ཁྲིད། དེ་ནས་སྐྱིད་ཆེ་གེ་མོས་ཧ་མ་གོ་བའི་སྐབས་དང་བསྟུན་ནས་བསོད་ཆེ་གེ་མོས་ཁོ་མོའི་སྐད་འཕྲིན་ནས་རང་གི་སྐད་འཕྲིན་གྱི་རྩིས་ཁྲར་སྒོར་60000བསྒྱུར་རྗེས་མགྱོགས་པོ་དེ་ནས་ཕྱིན།

    གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བསོད་ཆེ་གེ་མོའི་འགྲོ་འདུག་ཉལ་གསུམ་གྱི་ས་ཆ་ཁོང་དུ་ཆུད་རྗེས། དེ་མུར་སྒུག་བརྒྱབ་ནས་བསྡད། ཟླ་11ཚེས་24ཉིན་གྱི་ཆུ་ཚོད་11ཙམ་ལ་ནག་ཆུ་གྲོང་རྡལ་གྱི་གྲོང་ཚོ་10པ་ནས་ཁོ་མོ་བཟུང་བ་རེད། འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོས་སྐྱིད་ཆེ་གེ་མོའི་གཱ་ནང་གི་དངུལ་བརྐུས་པའི་ཉེས་གསོག་བྱེད་སྤྱོད་ཁས་བླངས་པ་དང་། གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་ཁོ་མོར་སྔར་བས་འདྲི་རྩད་ཟབ་མོ་བྱས་པ་ལས། བཅའ་ཁྲིམས་ཀྱི་ཟིལ་གནོན་གྱིས་ཉེས་གསོག་དོགས་ཅན་བསོད་ཆེ་གེ་མོས་ཉེས་གསོག་གི་དོན་དངོས་གཞན་ཞིག་ཀྱང་ངོས་ལེན་ཞུས་པ་རེད། གྱོད་གཞི་འདི་ཟླ་2པའི་ཚེས་22ཉིན་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་སྤྱིར་བཏང་གི་ཁ་བསླུས་གྱོད་གཞིར་བརྩིས་པ་དང་ད་ཆ་གྱོད་གཞི་དེ་ཞོར་ལ་རྩད་ཆོད་པ་རེད།

    མིག་སྔར། གྱོད་གཞི་འདི་གཉིས་ལ་སྔར་བས་མྱུལ་ཞིབ་དང་སྒྲུབ་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།