དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • དཔའ་ཤོད་རྫོང་སྤྱི་བདེ་ཅུས་ཀྱིས་ཁ་བསླུས་ཐེབས་པའི་མང་ཚོགས་ལ་སྒོར་ཁྲི་1ལེན་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    ཉེ་ཆར། དཔའ་ཤོད་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་གྱིས་ཁ་བསླུས་ཐེབས་པའི་མང་ཚོགས་ལ་སྒོར་ཁྲི་1ལེན་རོགས་བྱས་པ་དང་ཆབས་ཅིག ཉེས་གསོག་དོགས་ཅན་1བཟུང་བ་རེད།

    2023ལོའི་ཟླ་8ཚེས་21ཉིན། དཔའ་ཤོད་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་གནོད་འཚེ་ཕོག་པའི་མི་ཞིག་གིས་དྲ་ཐོག་ནས་དངུལ་བུན་གཡར་སྐབས་ཁ་བསླུས་སྒོར་ཁྲི་4.5ཐེབས་འདུག་པས། སྤྱི་བདེ་ལས་ཁུངས་ཀྱིས་མི་མངགས་ནས་བརྟག་དཔྱད་གནང་རོགས་ཞེས་པའི་110བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་འཕྲལ་མི་དམངས་ཉེན་རྟོག་པ་ཧྲག་སྒྲུག་བརྒྱབ་སྟེ་ལས་དོན་ཆེད་སྒྲུབ་ཚོགས་ཆུང་བཙུགས་ནས་གྱོད་དོན་དེའི་མ་དངུལ་གཏོང་ཡོང་དང་ཕན་ཚུན་ཆ་འཕྲིན་བསྐུར་བ་སོགས་ལ་བརྟེན་ནས་དབྱེ་ཞིབ་དང་བརྡར་ཤ་གཏིང་ཟབ་བཅད་པ་རེད། ཁུངས་སྣེ་ཤེས་རྟོགས་དང་གནས་ཚུལ་རྩད་ཆོད་རྗེས་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་མི་དམངས་ཉེན་རྟོག་པ་འཕྲལ་མར་ལྗོངས་ཕྱིར་བསྐྱོད་དེ་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་བ་དང་། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཁ་བསླུས་ངོ་རྒོལ་ལྟེ་གནས་དང་ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ཀྱི་གཞོགས་འདེགས་ཤུགས་ཆེན་འོག 2023ལོའི་ཟླ་11ཚེས་17ཉིན་ཉེས་གསོག་དོགས་ཅན་ཁྲོའུ་ཆེ་གེ་མོ་བདེ་བླག་ངང་བཟུང་པ་དང་། འདྲི་རྩད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཁྲོའུ་ཆེ་གེ་མོས་རང་ཉིད་ཀྱིས་ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱེད་སྤྱོད་ལ་གཞོགས་འདེགས་བྱས་པའི་བྱེད་སྤྱོད་སྦས་གསང་མེད་པར་ངོས་ལེན་ཞུས་པ་དང་འབྲེལ་རང་འགུལ་ངང་གནོད་འཚེ་ཕོག་མཁན་ལ་སྒོར་ཁྲི་1བསློགས་པ་རེད།

    མིག་སྔར། ཁྲིམས་འགལ་ཉེས་གསོག་དོགས་ཅན་དེར་དཔའ་ཤོད་རྫོང་སྤྱི་བདེ་ཅུས་ཀྱིས་ཁྲིམས་ལྟར་དེ་བསྟུན་ཆད་པ་བཅད་པ་དང་གྱོད་དོན་དེར་སྔར་བས་མྱུལ་ཞིབ་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།