དབུ་ཤོག>ཁྲིམས་ལུགས།>ཁྲིམས་ལུགས་གསར་འགྱུར།
  • བོར་བརླག་སོང་བའི་སློབ་མ་ཞིག་ཡར་འབྲོག་སྤྱི་བདེས་དུས་ཐུང་ནང་བཙལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-12-12

    ཉེ་ཆར། ལག་ཏུ་གོས་དར་ཁྱེར་བའི་མི་མང་པོ་སྤྲོ་སྣང་ཆེན་པོས་སྣ་དཀར་རྩེ་རྫོང་དཔལ་སྡེ་ཤང་མངགས་གཏོང་ཁང་དུ་སླེབས་པ་རེད། ཁོང་ཚོ་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་སློབ་ཡིན་པ་དང་། བོར་བརླག་ཏུ་སོང་བའི་སློབ་མ་འཚོལ་རོགས་བྱས་པར་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུ་ཆེད་ཆེད་མངགས་མངགས་གཏོང་ཁང་དུ་གོས་དར་སྐྱེལ་བར་ཡོང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་4ཚེས་28ཉིན་གྱི་ཆུ་ཚོད་18ཙམ་ལ་དཔལ་སྡེ་ཤང་མངགས་གཏོང་ཁང་གི་མི་དམངས་ལས་རོགས་ཉེན་རྟོག་པར། བཀོད་འདོམས་ལྟེ་གནས་ནས“སློབ་མ་ཞིག་གྲ་མ་ལུང་གྲོང་ཚོའི་ཡར་འབྲོག་གཡུ་མཚོའི་ཆུ་འགོའི་གློག་ཁང་གི་ཉེ་འགྲམ་དུ་གར་སོང་ཆ་མེད་དུ་གྱུར་ནས་ཆུ་ཚོད་1ལྷག་ཙམ་བཙལ་ཡང་རྙེད་མི་འདུག་པས་མི་དམངས་ཉེན་རྟོག་པས་འཚོལ་རོགས་བྱེད་དགོས་པའི”བཀའ་རྒྱ་འབྱོར་འཕྲལ། མངགས་གཏོང་ཁང་གི་མི་དམངས་ལས་རོགས་ཉེན་རྟོག་པ་ཡོངས་ཀྱིས་རོགས་སྐྱོབ་ཡོ་ཆས་ཁྱེར་ནས་ས་གནས་ས་ཐོག་ཏུ་མི་འཚོལ་བར་བསྐྱོད་པ་རེད།

    མི་དམངས་ལས་རོགས་ཉེན་རྟོག་པ་ཡོངས་ཀྱིས“བོར་བརླག་ཏུ་སོང་བའི་སློབ་མ་དེའི་ཕྱིའི་རྣམ་པ་དང་། གོས་ཀྱི་ཚོས་གཞི། པར་ཡོད་མེད”སོགས་ཀྱི་སྐོར་དགེ་སློབ་ཚོའི་ས་ནས་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས་ཚོགས་ཆུང་ཁག་གཉིས་སུ་བགོས་ཏེ་ཁག་དང་པོའི་མི་སྣས་བརྙན་དང་གློག་མིག་བཤེར་བ་དང་། ཁག་གཞན་དེས་སློབ་མ་བོར་བརླག་ཏུ་སོང་ཡུལ་ལྟེ་བར་བྱས་ཏེ་ཉེ་འགྲམ་གྱི་མཚོ་འགྲམ་དང་། ཁང་རོ། གྲུ་གཟིངས་གོག་རོ། ཁྱིམ་ཚང་མགྲོན་ཁང་སོགས་སུ་ལེབ་བཤེར་རྣམ་པའི་གྲལ་བཤེར་བྱས་པ་རེད།

    མི་དམངས་ལས་རོགས་ཉེན་རྟོག་པས་ཆུ་ཚོད་4ལྷག་ཙམ་འབད་བརྩོན་བྱས་ནས་བཙལ་བ་བརྒྱུད། ཉིན་དེའི་དགོང་མོའི་ཆུ་ཚོད་22ཙམ་ལ་གཞི་ནས་གྲུ་གཟིངས་གོག་རོ་ཞིག་གི་ནང་ནས་སློབ་མ་དེ་རྙེད་པ་དང་། འཕྲལ་དུ་བདེ་འཇགས་ངང་སློབ་གྲྭར་བསྐྱལ་བ་རེད།

    གོས་དར་གཅིག་ལས་མི་དམངས་མང་ཚོགས་ཀྱིས་སྤྱི་བདེའི་ལས་དོན་ལ་ཁས་ལེན་དང་ལྕག་སྐུལ་བྱས་པ་མཚོན་གྱི་ཡོད། ལྷོ་ཁའི་སྤྱི་བདེས་མི་དམངས་སྤྱི་བདེ་བས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་ཡིད་ལ་བརྟན་པོར་བཅངས་ནས། “དམངས་ཀྱི་བསམ་འདུན”ཉན་པ་བརྒྱུད་ཐབས་ཇུས་གནད་འཁེལ་འདོན་པ་དང་། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དོན་གཉེར་བཅས་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཞབས་འདེགས་ཞུ་རྒྱུ་འགན་ལེན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།